གཤིས།

ཕྲིན་ལས་མཐར་ཕྱིན། འཛིན་རིམ་བརྒྱད་པ། མི་གཤིས་མི་བརྟན་རླུང་གསེབ་དར་སྣེ་འདྲ།། དར་སྣེ་ཤར་ལྷོའི་མཚམས་སུ་འགུལ་ཞིང་རྡེབ།། རླུང་དང་ཆར་རླུང་ཁྲོད་ནས་འཚང་བཞིན་ཡོད།། དེ་དུས་རང་ཚུགས་སྐྱ་བོ་ལྷང་ལ་བུད།། རག་དུང་འབུད་…

བཅོམ་ལྡན་འདས་མ་སྙིང་རྗེ་ཆེན་པོ་ལ་བསྟོད་པ་དྲི་མེད་རང་མདངས།

བསྟན་འཛིན་ཐུབ་བསྟན། འཛིན་རིམ་དགུ་པ། ལས་ཉོན་ལྕགས་སྒྲོག་དམ་པོས་བཅིངས་པ་ཡི།། སྐྱབས་བྲལ་མགོན་མེད་ཉམ་ཐག་འགྲོ་བ་རྣམས།། འཁོར་བའི་བཙོན་ར་ཆེ་ལས་སྒྲོལ་མཛད་པའི།། བཅོམ་ལྡན་འདས་མ་སྙིང་རྗེའི་སེམས་ལ་འདུད།། སྐུ་གསུམ་…

ལྷོ་ལ་གཏད་པའི་སེམས་འཕྲིན།

འགྲུལ་བཞུད་པ། འཛམ་གླིང་མཁས་དགུ་ཡོངས་ཀྱི་གཙུག་གི་ཏོག། བསྟན་སྲིད་གདུགས་དཀར་ཞི་བདེའི་གྲིབ་བསིལ་ཅན།། གོ་ལའི་གཙུག་ཏུ་འདེགས་པའི་ཆོ་ག་མཁན།། འཚེ་མེད་ཞི་བདེའི་དེད་དཔོན་རྒྱལ་གྱུར་ཅིག། ཕ་མ་མིང་སྲིང་སོགས་ལ་ཞེ་བོར…

ཁེར་རྐྱང་གི་སེམས་པ།

དཀོན་མཆོག་རྡོ་རྗེ། འཛིན་རིམ་དགུ་པ། དཔྱིད་ཀྱི་དཔལ་ཡོན་མ་འཛད།། དབྱར་གྱི་མྱུ་གུ་ཡར་སྐྱེས།། གཟུགས་མེད་སེམས་ཀྱི་དྲན་ཐག། སྲིད་གསུམ་ཐོག་ལ་བཅིངས་ཡོད།། རྒྱ་ལམ་གོམ་གསུམ་སྤོ་དུས།། ལོང་བ་གྲོག་མ་འབུམ་གྱིས།། རྡུལ་ར…

སྟོང་པ་རེད། «བཙུན་ཆུང་ཞིག་ལ་བྲིས་པ།»

སློབ་དཔོན་ཚེ་དབང་རྡོ་རྗེ། བདག་ཅག་སངས་རྒྱས་པ་ཡི་རྗེས་འཇུག་སྐད།། ཕྱི་ནས་སངས་རྒྱས་ན་བཟའི་གོས་བཀླུབས་ནས།། ཁོག་ཏུ་ཆགས་སྡང་དུག་ལྔའི་རྙོག་བསླངས་ན།། བཙུན་པའི་བཙུན་ཚུགས་འདི་ཡང་སྟོང་པ་རེད།། སྐྲ་དང་ཁ་སྤུ་སྤུ་གྲི…

ཀ་རྩོམ་ས་མཐའི་སྤྲིངས་ཡིག

ངག་དབང་བློ་གྲོས། འཛིན་རིམ་བཞི་པ། ཨ་མ་དྲན་པའི་གདུང་བ་ལྕི་མོ་ཡིས་བསྣོན་ཚེ།། ཧ་ཅང་མགྱོགས་མྱུར་ལམ་ནས་སྟ་གོན་རང་བསྒྲུབས་ཏེ།། ཨ་མ་རྒན་མོའི་གམ་དུ་ད་ལྟ་རང་ཕྱིན་ནས།། ཧ་ཧ་དགོད་པའི་དགའ་སྐྱིད་སྣང་བ་ལ་རོལ་འདོད།། ས…

ཤ་ཁྲག་གིས་བསྐྲུན་པའི་ཁྱིམ་བརྒྱུད།

པདྨ་འབྲུག་གྲགས། སྔོན་འགྲོ་འཛིན་གྲྭ། ཐོག་མར། གཙང་ཆུ་སྔོན་མོ་རིམ་གྱིས་བྲི་ནས་ཡུལ་དང་ལུང་པའི་གྲུབ་གཟུགས་ཆགས།། སྤྲ་དང་སྲིན་མོ་མཉམ་འཛོམས་བྱུང་ནས་གདོང་དམར་བོད་པའི་འགྲོ་བ་དར།། ནགས་ཚལ་ཁྲོད་ནས་འཚོ་སྡོད་བྱས་ཏེ་…

སྙིང་གསོན་པོའི་ཚོགས་དང་འཕྲད་པ།

བནྡེ་སྐྱབས། རི་ཆུ་སྟོང་ཕྲག་གིས་བར་དུ་ཆོད་པའི་གནམ་འོག་འདི་རུ། མི་ལོ་ཉི་ཤུའི་རྒྱང་བཞུད་ལ་འཐིམ་པའི་ང་། འཚོལ་སྙེག་གི་ལམ་སྣེ་ན་འདུར་གྱིན་པའི་དེ་རིང་། ཆེས་ཐག་ཉེ་ས་ཉེ་ས་ཞིག་ནས། ཤ་གསེང་རུས་རྐང་དུ་ལྷུང་བའི་སྐད…

མཚུངས་མེད་སྟོན་པ་བཀའ་དྲིན་ཅན་ལ་བསྟོད་པ་ཀ་རྩོམ་དད་པའི་ས་བོན།

པདྨ་སྦྱིན་པ། འཛིན་རིམ་དགུ་པ། ཀ་ནས་དག་པ་བདེ་ཆེན་དབྱིངས་ལས།། ཁ་ཁ་འགྲོ་ལ་ཐུགས་རྗེས་གཟིགས་ཏེ།། ག་སར་ཆོས་ལོངས་སྤྲུལ་སྐུའི་རྣམ་པས།། ང་མེད་ཆོས་ཀྱི་འབྲུག་སྒྲ་ལྡིར་བ།། ཅ་ཅོ་ཅན་གྱི་མུ་སྟེགས་ལ་སོགས།། ཆ་ཚང་ཕམ་ནས་…

དཔལ་ཡུལ་བྱང་ཆུབ་གླིང་།

ཀུན་གྲུབ་ཚེ་རིང་། དཔལ་ཡུལ་ནང་བསྟན་མཐོ་རིམ་སློབ་གྲྭ། ཆར་གྱི་མེ་ཏོག་མཁའ་ནས་འཐོར་ཏེ་ལྗོན་པའི་འཁྲི་ཤིང་རབ་ཏུ་མཛེས།། འདབ་མའི་ངོས་ཀྱི་ཟིལ་ཆུ་ཐིགས་པ་སྔོ་ལྗང་ལོ་མའི་ལུས་ལ་ཐིམ།། ལང་ཚོ་གསར་པའི་རྩྭ་དང་རྩི་ཤིང་ལ་…