བསྟོད་ཚིག་ཆུན་པོ།

ལོ་རིམ་གསུམ་པའི་སློབ་གཉེར་བ། ལྷག་པ་ཚེ་རིང་། གཉིས་སྣང་དག་པས་གྲུབ་པའི་ས་མཐོར་གཤེགས།།ཐབས་མཁས་ཐུགས་རྗེས་སྲིད་ཞི་མངའ་དབང་བསྒྱུར།།པད་མ་ཀཱ་ར་མཆོག་གི་ཡང་སྤྲུལ་དངོས།།འཛམ་གླིང་མཛེས་པའི་ནོར་བུ་ཁྱེད་ལ་འདུད།། ངུར་…

མཁས་འཇུག་གཞུང་ལ་བརྟས་པའི་སྤྲོ་སེམས།

ལོ་རིམ་གསུམ་པའི་སློབ་གཉེར་བ། ཚེ་རིང་བཀྲ་ཤིས། དྷཱི་ཡིག་སྙིང་ལ་འཕོས་པའི་མི་ཕམ་བླ་མས།།སྲིད་གསུམ་ཤེས་བྱའི་རྣམ་གྲངས་ཇི་སྙེད་ཀུན་ཀྱང་།།མ་ལུས་གཅིག་ཏུ་བསྡོམས་པའི་མཁས་འཇུག་གཞུང་འདི།།བདག་ལ་མཇལ་རྒྱུའི་དུས་འདི་ཨེ…

ཕ་མ་དྲན་བྱུང་།

ལོ་རིམ་བཞི་པའི་སློབ་གཉེར་བ། བསྟན་འཛིན། རི་དང་གཙང་ཆུ་སྟོང་ལས་རབ་བརྒལ་ཅིང་།།དཔག་ཚད་བརྒྱ་ནས་རྒྱང་གི་ཡུལ་གྲུ་ན།།བཞུགས་པའི་བཀའ་དྲིན་ཅན་གྱི་ཕ་མ་གཉིས།།ད་རེས་དབང་མེད་སེམས་ནང་ལྷང་ངེར་དྲན།། མཐའ་མེད་འཁོར་བའི་གཡང…

འཇིགས་མེད་རྒྱལ་བའི་མྱུ་གུའི་མཛད་རྣམ་རྗེས་སུ་དྲན་པ་དད་འདུན་ཡིད་ཀྱི་གདུང་དབྱངས།[1]

སློབ་དཔོན་ཚེ་དགའ་དབང་རྒྱལ། དུས་ངན་སྙིགས་མ་ལྔ་བདོའི་སྐབས་སུ་ལས་སྨོན་ཐུགས་བསྐྱེད་བོད་ལ་སྨིན།།མདོ་ཁམས་བྱང་འབྲོག་དགེ་རྩེའི་ཡུལ་དུ་ལྡོང་རྒྱུད་ཨོ་བཀྲའི་[2]སྲས་སུ་བཟུང་།།གནམ་ལོ་ཤིང་མོ་བྱ་ཡི་ལོ་ལ་གཟུགས་སྐུའི་…

མཚོ་འཁྲུངས་ལྷ་མོར་ཕུལ་བའི་མཆོད་པ།

མཁན་པོ་ཆོས་འཕེལ་ནོར་བུ། མཚན་དཔེའི་གཟི་འོད་འཚེར་བའི་དགྱེས་ཞལ་གྱི་དཀྱིལ་འཁོར།།ཚེས་ཆེན་བཅོ་ལྔའི་དུང་ཟླ་གངས་དཀར་ལ་ཤར་འདྲའི།།ངག་རིག་སྒྱུ་རྩལ་དབང་བའི་སྒྲ་དབྱངས་ཀྱི་ལྷ་མོ།།བཅུ་དྲུག་འདབ་མ་བཞད་པའི་འཁོར་ལོ་ལ་རོ…

སེམས་ཀྱི་གངས་རི།

རང་དབང་སྐྱབས། (རྫ་ཆུ་ཁ། བོད་ནང་།) མེས་པོའི་ཁྲག་རྒྱུན་གྱི་གཙང་པོ་སྟོང་གི་བཞུར་ལམ།།ཕ་ས་གངས་ལྗོངས་ཀྱི་རེ་བའི་སེམས་ཀྱི་མེ་ཏོག།།རྣམ་ཤེས་བརྒྱ་ཕྲག་གི་ཞེན་ཆགས་ཁྱོད་ལ་འཁོར་བའི།།ལྷ་ས་མི་ཡུལ་གྱི་དག་ཞིང་བདེ་བར་བཞ…

སྟོན་ཟླ་མཐའ་མའི་སྙན་ངག

གླིང་ཚང་རིག་པའི་སྙེ་མ། (བོད་ནང་།) མཛེས་སྡུག་ལང་ཚོ་བཀྲ་བའི་དབྱར་གཞུང་གི་དཔལ་ཡོན།།པིར་གྱིས་བྲིས་པའི་ཚོན་མདངས་ཇི་བཞིན་དུ་མངོན་ཀྱང་།།མི་སྡོད་སྐད་ཅིག་དུས་ཀྱི་འཕོ་འགྱུར་གྱི་དབང་གིས།།ཡིད་ཀྱི་གཏད་སོ་བྲལ་བའི་ང…

ཟླ་བརྒྱད་པའི་ཉིན་ཐོ།

ཛཾ་གཟུ་མིག (བོད་ནང་།) ཚེ་ཟད་སྟབས།ཡི་གར་འོང་མི་སྲིད་ཀྱང་།རྫོབ་མ་ཞིག་སྦྲིད་པར་གྱུར་ཙང་།གཏམ་རྒྱུད་ཆད་པོ་ལ་མདུད་པ་བརྒྱབ་ནས།འདོད་པའི་མེ་ལྕེ་ལ་ལག་པ་བསྲིངས།གང་ལྟར། ཡག་པོ་ཞིག་མ་འཁྱོངས་ན།ལྕེབས་ཐག་ཅིག་ཡོད་དགོས།…

ཟླ་དགུ་པའི་ནང་གི་ཕ་ཡུལ།

ཛཾ་ཀ་མ་ལ། (བོད་ནང་།) བསམ་མེད་བྱིས་པ་ཞིག་གིས།།ཚོགས་དྲུག་སྒྲོམ་ལ་མ་བཅུག།།སྣང་བ་མག་མོག་རབ་རིབ།།ཡངས་བའི་སྐྱེ་འགྲོར་གཟན་འགྲོ།། འཛི་ཆུའི་བཞུར་སྒྲར་ཉན་ན།།ནད་ལ་ཁ་དོག་ཡོད་འདྲ།།མི་ཚོགས་བརྒྱ་རེ་སྟོང་རེར།།སེམས་ལ་…

རླུང་རྟས་སྨྲེང་གླུ་འཐེན་པའི་ཉི་མ་ལྷ་ས།

གློག་ཞགས། (བོད་ནང་།) སྣོད་ཀྱི་ཁོར་ཡུག་དྭངས་གཙང་ཁ་བས་བསྐོར།།བཅུད་ཀྱི་འགྲོ་བ་བྱམས་དང་སྙིང་རྗེས་ཕྱུག།གོ་ལའི་གཙུག་ཏུ་འཚེར་བའི་ཆོས་ལྡན་ཞིང་།།མཐའ་མའི་དག་ཞིང་ཞེས་པའི་མིང་གིས་བརྒྱན།། གངས་དཀར་ཏི་སེ་ནད་ཀྱིས་མ་ཟ…