དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དཔལ་བཟང་པོ་མཆོག་གི་མཛད་རྣམ།

རྩོམ་སྒྲིག་པ།

དེ་ཡང་༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས།

རྒྱལ་བསྟན་བཤ༷ད་དང་སྒྲུབ༷་པས་འཛིན་པ་ལ།།
ཆགས་ཐོགས་བྲལ་བ་མཁའ་ལ་ཉིན༷་བྱེད༷་བཞིན།།
ཕྲིན༷་ལས༷་བཟང༷་པོའི༷་འགྲོ་བ་སྒྲོལ་བའི་ཚུལ།།
མཚོ་སྐྱེས་རྒྱལ་བའི་མཆེད་ཟླར་གསོལ་བ་འདེབས།།
ཞེས་དང་།

᪠དུད་འཇོམས་འཇིགས་᪥᫞་᫗ᨓ་ཤེས་རྡོ་རྗེའི་ᫍ᫞་ᩔ་᪄སᨎ

ཐུ᪠་᪠སྟན་མདོ་སྔགས་རྒྱ་མཚོའི་ཤིང་རྟ་ཆེ།།
བཤད༷་སྒྲུབ༷་ཉིན༷་བྱེད༷་ཕྲིན༷་ལས༷་དཔལ་བཟ༷ང་པོ།།

ᫍᨓ᫥་སོགས་མཁས་གྲུབ་དུ་མས་᪠ᩔᨵས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཨོ་རྒྱན་སངས་རྒྱས་གཉིས་པའི་ᩂ᫞་᫄᪠་སྐྱེས་བུ་ཆེན་པོ་གང་ཉིད་ཀྱི་འཁྲུངས་ཡུལ་ནི། བོད་ཆོལ་ཁ་གསུམ་ལས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཁོངས། ཡར་᫕᪥ᨕᨵ་᪉་དཀར་རྩེར་ཕུན་ཚོགས་དཀྱིལ་ᨮᩏ་ᩏ᪱་᪚᪄་ᨮᩏ་ᫍᨓས་᪍᫕ᨑ་ᨻᨕᩏ་᪍᫙ᨎ ᫙ᨑᨵས་᪄ᨑ་ᩂ་ᨵ᫙་᫱་᪱ᨑ་ᨵᩖᨑᨵ་ᨵᨑ་᫙ᨑᨵས་᪠ᩃ᩶་᫞ས་᫗᪠་᪇᪱་ᩂ᫞་རྡོ་རྗེ་དང་། མ་ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྤྱི་ལོ་ ᨁᨉᨂᨇ ᫙᪠་᪤ᩏ་བཅུ་དྲུག་᪍᫕ᨑ་᪱ᨓ་᫗ᨕས་᫓་ᨵསུ᪱་᪍᫕ᨑ་᫄ᨓས་བཅུ་གསུམ་ལ་སྐུ་བལྟམས། རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་ལྔ་པ་སྤྱི་ལོ་ ༡༩༣༡ བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ལོ་ཡར་འབྲོག་སྟག་ལུང་རྩེ་གྲྭ་ཚང་དུ་སྤྱན་དྲངས། ཆུ་བཟང་མཁན་ཆེན་པདྨ་ངེས་དོན་བསྟན་པའི་ཉི་མ་ལ་གཙུག་ཕུད་ཕུལ་བས་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་བཀའ་ཆོས་མང་དུ་གསན། ཡོངས་འཛིན་ཐུབ་བསྟན་ཡེ་ཤེས་དང་། ཐུབ་བསྟན་དབང་རྒྱལ་གཉིས་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་སོགས་ལ་ལེགས་པར་སྦྱངས།

དᨶᩏ་᫞ᨕ་᪠ᩂ᩶་᪍་᪕ᨑ་᫞ᨕ་ ᨁᨉᨃᨄ ᫙᪠་᪤ᩏ་᪠ཅུ་དྲུག་པའི་ཤིང་ᨱᨑ་᫞ᨕར་ཐུབ་བསྟན་རྡོ་རྗེ་བྲག་མ་དགོན་དུ་ཆོས་ཞུགས་དང་ཁྲི་སྟོན་སོགས་རྒྱས་པར་མཛད། ཆོས་ᩂ᫞་᪣ᩏ་᪍་᫗᪠་སྲས་᪄ས་᫙ᨑ᪱་᪍᫙་᪠ᩃ᩶་᪍᫕ᨑ་᫙ᨑᨵ་᫕᫇ᨑ᪄་᪠ᩃ᩶་᪍᫕ᨑ་᪜ᨵ་᪠ᫍᨓས་ᨵ᫙་དབྱᩏས་ᩲᨑག་ᨵསུམᨎ ᪠ཅ᫕་᫕᪢ད་᪠རྡུང་གསུམ་ལ་སོགས་པ་ལེགས་པར་སྦྱངས། དགུང་ལོ་བཅུ་གསུ᪱་པ་᫥་᫗ᨕས་ ᨁᨉᨃᨉ ᫞ᨕ་ཙམ་ནས་སྡོམ་གསུམ་རྣམ་ངེས་དང་། ཀཱ་རི་ཀ སུམ་རྟགས་དག་གསུམ། བྱམས་ཆོས་སྡེ་ལྔ་སོགས་གསན་བཞེས་གནང་ཞིང་། ᨠᨕᩏ་ཆེན་སྙིང་ཐིག་གི་དབང་དང་ཁྲི་ལ་སོགས་པ་ཡང་གསན། དགུᩏ་᫞ᨕ་᪠ཅོ་ᩓ་ལ་᫙ᨑᨵ་᫕᫇ᨑ᪄་ཆེན་᪍ᨕ་ᨩ་ᨵᨕᩏ་᪱᫕ᨑ་ᫍ᫞་སློ᪠་རྫ་ཆུ་ཁའི་མགོ་ཚ་མཁན་ཆེན་ཐེག་མཆོག་བསྟན་འཛིན་གྱི་སྐུ་མདུན་ནས། ᪣ᩏ་ᨵᩧᨓ᫙་ᨹᨑ་ད᪠ᩏ་ལུང་ཕལ་ཆེ་བ་དང་། རིག་འཛིན་པད་ཕྲིན་གསུང་འབུམ་བཅས་ཀྱི་ལུང་ཕལ་ཆེར་ཞུས། གཞན་ཡང་᫊ᨕᨵས་དགོངས་པ་ཟང་ཐལ་གྱི་ཁྲིད་ཟུར་ཆེན་ཁྲིད་ཡིག་སྟེང་ནས་མཁན་ཆེན་ དེ་ཉིད་ལས་གསན། དགུང་ལོ་ཉི་ཤུ་᪍་᪕ᨑ་᫞ᨕ་ ᨁᨉᨄᨆ ᫙᪠་᪤ᩏ་᪠ཅུ་དྲུག་᪍᫕ᨑ་᪱ᨓ་ᨱᨑ་ལོར་᫕ᨕᨵ་᪱ᨑ᪄་ཨོ་ᩂ᪄་སྨིན་ᨻᨕ᫞་ᨾᨑᩏ་དུ་ཞེ་ཆེན་རབ་འབྱམས་སྐུ་ཕྲེང་ལྔ་པ་ལས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་དང་། བཀའ་བརྒྱད་རྣམ་གསུམ་གྱི་དབང་ལུང་ཡོངས་རྫོགས་གསན། སྨིན་གླིང་སྒྲུབ་གྲྭའི་སློབ་དཔོན་ཤེས་རབ་རྒྱ་མཚོ་དང་། ལྷ་ལུང་གསུང་སྦྲུལ་དང་། མགོ་ལོག་ཆེ་བོ་རིན་པོ་ཆེ་ལས། ཀུན་མཁྱེན་པོ་དང་པད་གླིང་གི་གསུང་ཕལ་ཆེ་བ་གསན། བར་མཚམས་སུ་བྱང་གཏེར་སྔོན་འགྲོ་དང་སྙིང་ཐིག་སྔོན་འགྲོའི་བསགས་སྦྱངས་བགྱིས། དགུང་ལོ་ཉེར་བཞིའི་སྐབས་རྡོ་རྗེ་བྲག་གི་དགེ་འདུན་གྱི་མང་མོས་ལྟན་མཁན་ཚབ་ཀྱི་ལས་འཁུར་ལོ་གཉིས་མཛད།

དགུང་ལོ་ཉེར་ལྔ་པར་སྨིན་གླིང་མཁན་ཆེན་འགྱུར་མེད་མཁྱེན་བརྩེ་ནོར་བུའི་ཞལ་སྔ་ནས་དགེ་སློང་གི་བསླབ་སྡོམ་ཞུས་ཏེ་འདུལ་བ་སོ་ཐར་གྱི་བསླབ་པ་ཕྲ་ཞིབ་ནས་སྲུང་བར་མཛད། དགུང་ལོ་ཉེར་དྲུག་ནས་ཉེར་བརྒྱད་བར་རྡོ་རྗེ་བྲག་གི་མཁན་པོ་མཛད། སྙེ་མོ་དགོན་དུ་བཀའ་འགྱུར་རིན་པོ་ཆེ་ལས། བཀའ་འགྱུར་གྱི་ལུང་རྙིང་མ་བརྒྱུད་འབུམ་གྱི་ལུང་། མ་ཎི་བཀའ་འབུམ་སོགས་ཀྱི་ལུང་གསན། དགུང་ལོ་ཉེར་བརྒྱད་ལོར་འགོ་ཚ་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་བྱང་གཏེར་གཏེར་ཁ་གོང་འོག་རྣམས་ཀྱི་དབང་ལུང་ཡོངས་རྫོགས། དགོངས་ཟང་གི་ཉམས་ཁྲིད་ཐར་གླིང་ཆོས་སྐུའི་གྲུ་ཆེན་གྱི་སྟེང་ནས་ཁྲིད་ཞུས་སྒོམ་ཁྲིད། རིག་འཛིན་པད་ཕྲིན་གྱིས་ཕྱོགས་བསྒྲིགས་མཛད་པའི་བཀའ་མ་མདོ་དབང་གི་དབང་ལུང་ཆ་ཚང་བཅས་གསན། དགུང་ལོ་ཉེར་དགུའི་ལོ་འགོར་རྡོ་རྗེ་བྲག་གི་མཁན་ཁྲི་ནས་དགོངས་པ་ཞུས་ཏེ། དགུང་ལོ་ཉེར་དགུའི་ལོ་འགོར་རྡོ་བྲག་གི་མཁན་ཁྲི་ནས་དགོངས་པ་ཞུས་ཏེ། དགུང་ལོ་སུམ་ཅུ་པ་སྤྱི་ལོ་ ༡༩༥༦ སྟོན་པ་ཤཱཀྱའི་རྒྱལ་པོ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དུས་དྲན་གྱི་མཛད་སྒོ་དང་བསྟུན་ཏེ་རྗེ་ཉིད་ཀྱི་ཡབ་ཡུམ་ཉེ་འབྲེལ་ལྷན་རྒྱས་རྒྱ་གར་དུ་གནས་བསྐོར་ལ་ཆིབས་བསྒྱུར་གནང་ནས་སླར་བོད་དུ་ཕེབས། དགུང་ལོ་སུམ་ཅུ་སོ་གསུམ་པ་སྤྱི་ལོ་ ༡༩༥༩ བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་བོད་ཟླ་གསུམ་པའི་ཚེས་གཅིག་གི་མཚན་མོ་སྐུ་འཁོར་ཁ་ཤས་དང་མཉམ་དུ་རང་ཡུལ་ནས་བྱོན་ཏེ་ལྷོ་བྲག་བརྒྱུད་འབུག་བུམ་ཐང་དུ་ཕེབས། རིམ་གྱིས་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ནས་སྦག་ས་ཞེས་པར་ཟླ་བ་གཅིག་བཞུགས། དེ་ནས་ཀ་ལིང་སྤུང་སོགས་སུ་བཞུགས་ཏེ་ཀརྨ་པ་རིག་པའི་རྡོ་རྗེ་ལས་གདམས་ངག་མདོད་དང་། བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་ཡོངས་རྫོགས་གསན། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལས། རིན་ཆེན་གཏེར་མཛོད་ཆ་ཚང་། རྙིང་མ་བཀའ་མའི་དབང་ལུང་ཡོངས་རྫོགས། བདུད་འཇོམས་གླིང་པའི་ཆོས་སྐོར་འགའ་རེའི་དབང་ལུང་གསན། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལས། མི་ཕམ་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་། སྙིང་ཐིག་ཡ་བཞིའི་དབང་ལུང་། ཡོན་ཏན་མཛོད་འགྲེལ། རྩ་བརྒྱུད་གསང་བ་སྙིང་པོའི་ཁྲིད། རིན་ཆེན་གཏེར་མཛོད་ཀྱི་དབང་། གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ། འཇའ་མཚོན་པོད་དྲུག་སོགས་དབང་ལུང་མང་དུ་གསན། སྤོ་ལོ་མཁན་རིན་པོ་ཆེ་ལས། ཐུགས་སྒྲུབ། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན། བྱང་གཏེར་ཁྲོས་མའི་དབང་ལུང་སོགས་འགའ་ཞིག་གསན། དེ་ལྟར་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་བཞེས་མཛད་ནས་བྱང་གཏེར་གཙོ་བོར་གྱུར་པའི་ཡི་དམ་རབ་འབྱམས་ཀྱི་བསྙེན་སྒྲུབ་ལས་གསུམ་ལ་གཅིག་ཏུ་གཞོལ་བས་གྲུབ་པའི་ས་མཐོར་གཤེགས། དགུང་ལོ་ལྔ་བཅུ་ང་བརྒྱད་པ་སྤྱི་ལོ་ ༡༩༨༤ བོད་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལོ་རྒྱ་གར་ཧི་མ་ཅལ་གྱི་མངའ་སྡེ་སིམ་ལ་བོད་པའི་གཞིས་ཆགས་ཀུ་སུམ་ཀྲི་དབྱངས་ཅན་དགའ་ཚལ་དུ། སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་ཡ་གྱལ་འཕགས་ཡུལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་གི་ཆོས་སྡེ་འདི་ཉིད་གསར་བཞེངས་མཛད་དེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་དང་། དུས་ཕྱིས་སུ་ཕྱི་ལོ་ ༢༠༠༨ ལོར་བཤད་གྲྭ་གསར་འཛུགས་དང་། གུ་རུའི་ལྷ་ཁང་ཨྱོན་ཕྲིན་ལས་ཐེག་མཆོག་པདྨ་གླིང་ཞེས་ཐོག་བརྩེགས་ལྔ་པ་ལ་བྱང་གཏེར་གྱི་ལྡེབས་རིས་ངོ་མཚར་རྨད་དུ་བྱུང་བ་བཅས་ལེགས་པར་བསྒྲུབས། བོད་དང་། རྒྱ་གར། བལ་པོ། འབྲུག འབྲས་ལྗོངས། ལ་དྭགས་ལ་སོགས་པ་ནས་ཕེབས་པའི་དགེ་འདུན་འདུས་པའི་སྡེ་ལ་བྱང་གཏེར་གཙོ་བོར་གྱུར་པའི་ཆོས་འཆད་ཉན་དང་། ཆོས་རྒྱལ་བྱང་པ་ཡབ་སྲས་ཀྱི་ཕྱག་སྲོལ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་དྲི་མ་མེད་པའི་གར་དབྱངས་ཐིག་གསུམ་ལ་སོགས་པ་མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་བྱས་པའི་བཀའ་དྲིན་གྱིས་རྒྱ་གར་འཕགས་པའི་ཡུལ་དུ་བྱང་གཏེར་བསྟན་པའི་སྒྲོན་མེ་སྤར་བར་མཛད། དགུང་ལོ་དྲུག་ཅུ་རེ་དྲུག་པ་སྤྱི་ལོ་ ༡༩༩༢ ལོར་གོང་ས་༸སྐྱབས་མགོན་ཆེན་པོས་རབ་གནས་དང་དབུ་འབྱེད་བཀའ་དྲིན་བསྐྱངས། གཞན་ཡང་ལ་དྭགས་བོད་པའི་གཞིས་གྲོང་དུ་རྡོ་རྗེ་བྲག་གི་དགོན་ལག་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད་པ་དང་།

ནམ་མཁའི་སྙིང་པོ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་འཛིན་རྒྱལ་མཚན་མཆོག་སིམ་ལ་རྡོ་བྲག་དགོན་པར་ཚུར་ཕེབས་ཏེ་བྱང་གཏེར་གཏེར་ཁ་གོང་འོག་གི་དབང་ལུང་ཁྲིད་གསུམ་ཤིན་ཏུ་རྒྱས་པ་གནང་བས་མཚོན་ས་ཕྱོགས་སོ་སོར་བྱང་གཏེར་གཙོ་བོར་གྱུར་པའི་དབང་ལུང་ཤིན་ཏུ་མང་པོ་གནང་།ཁྱད་པར་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེས་དབུས་དགེ་འདུན་འདུས་པ་རྒྱ་མཚོ་ལྟ་བུ་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཡོངས་རྫོགས་ཚར་གཅིག་དང་། དེ་རྗེས་བྱང་གཏེར་རྒོད་ལྡེམ་གྱི་གསུང་ཕལ་ཆེ་བའི་དབང་ལུང་གནང་།

སྤྱི་ལོ་ ༡༩༩༤ དེར་འཕགས་ཡུལ་རྣམ་གྲོལ་གླིང་དགོན་དུ་རིན་ཆེན་གཏེར་མཛོད་ཆེན་མོའི་ལྗགས་ལུང་དང་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་བཀའ་དབང་གནང་། ཕྱི་ལོ་ ༡༩༩༧ ༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ལ་བྱང་གཏེར་གྱི་དབང་ལུང་ཆ་ཚང་འབུལ་བཞེས་མཛད། མེ་ཕོ་བྱི་ ༡༩༩༦ ལོར་སྐྱབས་རྗེ་ནམ་སྙིང་རིན་པོ་ཆེས་བདག་རྐྱེན་མཛད་དེ་དགོན་᪍᫙་རིན་ཆེན་གཏེར་མཛོད་དབང་ལུང་མན་ངག་གཏད་རྒྱ་དང་བཅས་པ་དང་། དᨶᩏ་᫞ᨕ་᪠ᩂ᩶་ཅུ་གྱ་ᨵᩡᨑས་᪍་᪕ᨑ་᫞ᨕ་ ᨂᨀᨀᨈ ᫕᪙ᨵ᫥་᫘᫞་᫕ᨕᨵ་᪱ᨑ᪄་᫳ᨕ་ᩂ᪄་᪸ᨑ᪄་ᨻᨕ᫞་ᨾᨑᩏ་དུ་᪸ᨑ᪄་ᨾᨑᩏ་᪱ᨮ᪄་ཆེན་དང་། དིལ་མགོ་མཁྱེན་བརྩེའི་ཡང་སྲིད་དང་བདུད་འཇོམས་ཡང་སྲིད་སོགས་ཀྱི་དབུས་མཁན་སྤྲུལ་དགེ་འདུན་འདུས་པའི་སྡེ་སུམ་སྟོང་ལ་ཉེ་བར་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའ་དབང་ཡོངས་རྫོགས་བཀའ་དྲིན་བསྐྱངས།

སྤྱི་ལོ་ ༢༠༠༩ ལོའི་སྤྱི་ཟླ་གསུམ་པའི་ཚེས་ ༢༦ ནས་ཉིན་བཞིའི་རིང་བོད་གཞུང་སྨན་རྩིས་ཁང་གི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་གཞུང་མཐའ་དབུས་ཀྱི་སྨན་པ་ཡོངས་རྫོགས་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་སྨིན་རྒྱས་སུ་བསྩལ། སྤྱི་ལོ་ ༢༠༡༠ ལོའི་བོད་ཟླ་ ༡༢ པའི་བོད་ཚེས་ ༨ ཉིན་རྡ་སའི་ཕོ་བྲང་དུ་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་བྱང་གཏེར་མངའ་དབང་རིན་ཆེན་འབར་བའི་བཀའ་དབང་འབུལ་བཞེས་དང་། རྡ་ས་ཤུག་གསེབ་བཙུན་དགོན་དུ་སྙིང་ཐིག་རྩ་གསུམ་གྱི་བཀའ་དབང་དང་། གཞན་ཡང་ཐེ་ཝན་དང་ཡོ་རོབ་སོགས་ཕྱི་རྒྱལ་གྱི་ཡུལ་གྲུ་དུ་མར་ཆིབས་བསྐྱུར་དང་བཀའ་ཆོས་འཆད་སྤེལ་སོགས་རྒྱ་ཆེ་བསྐྱངས།

དེ་ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༣ ཚེས་ ༦ བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༡༣ སྔ་འགྱུར་འདུས་སྤྱི་ཐུན་མོང་ནས་སྔ་འགྱུར་རྙིང་མའི་ཁྲི་འཛིན་དུ་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་བཟང་པོ་གནང་སྟེ། དཔལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པར་མངའ་གསོལ། བོད་ཟླ་བཞི་པ་ས་ག་ཟླ་བའི་བོད་ཚེས་བཅོ་ལྔ་ཉིན་བཞུགས་སྒར་རྡ་སར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་གཟིམ་ཆུང་མཇལ་བཅར་ཕེབས་ཏེ་སྔ་འགྱུར་བསྟན་པའི་མངའ་བདག་ཏུ་མངའ་གསོལ་མཇལ་དར་དང་སྐུ་གསུང་ཐུགས་རྟེན་གསོལ་རས་བཅས་བསྩལ། ༢༠༡༣ ལོར་བོད་ཟླ་བཞི་པ་ས་ག་ཟླ་བའི་བོད་ཚེས་༡༥མཻེ་སོར་ལྷོ་ཕྱོགས་གདན་ས་རྣམ་གྲོལ་གླིང་དུ་ཞིང་གཤེགས་དམ་པ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གྱི་ཚོགས་མགོན་དུ་བཀའ་དྲིན་བསྐྱངས། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་གསོལ་བ་བཏབ་པ་ལྟར་བྱང་གཏེར་ཚེ་སྒྲུབ་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་སྒྲུབ་ཞག་དང་འབྲེལ་བླ་མ་དགོངས་འདུས་ལྟར་བརྟན་བཞུགས་འབུལ་གནང་མཛད།

ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༠༢ པའི་ཚེས་ ༠༣ དང་བོད་ཟླ་ ༡༢ པའི་བོད་ཚེས་ ༠༤ ཉིན་རྡོ་རྗེ་གདན་དུ་རྒྱལ་ཡོངས་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་ཉེར་ལྔ་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས། བོད་ཚེས་ ༠༦ ཉིན་རྡོར་གདན་སྔ་འགྱུར་སྨོན་ལམ་ཆོས་སྒར་ཆེན་མོའི་གཙུག་ལག་ཁང་མདུན་དུ་སྨོན་ལམ་ཆེན་མོ་དབུ་བརྙེས་ཏེ་ལོ་ངོ་ཉེར་ལྔ་འཁོར་བའི་དྲན་གསོའི་རྡོ་རིང་དབུ་འབྱེད་དང་བསྔོ་སྨོན་རྒྱས་འདེབས་མཛད། བོད་ཚེས་ ༠༩ ཉིན་རྡོ་རྗེ་གདན་དུས་འཁོར་ཐང་ཆེན་དུ་སྔ་འགྱུར་སྨོན་ལམ་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་གྱི་དངོས་གཞིའི་མཛད་སྒོའི་ཐོག་ཆིབས་བསྒྱུར་གྱིས་དབུ་བཞུགས་མཛད་དེ་སྔ་འགྱུར་བསྟན་པ་སྤྱི་དང་ལྷག་པར་རྡོར་གདན་སྨོན་ལམ་ཆེན་མོར་བཀའ་དྲིན་ཆེ་བའི་མི་སྣ་རྣམས་ལ་གཟེངས་རྟགས་གནང་། ཕྱི་དྲོ་རྙིང་མའི་བླ་ཆེན་དིལ་མགོ་མཁྱེན་བརྩེ་ཡང་སྲིད་རིན་པོ་ཆེ། བདུད་འཇོམས་ཡང་སྲིད་རིན་པོ་ཆེ། མཁོ་ཁྱིམ་རིན་པོ་ཆེ། གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ། སྨིན་གླིང་མཁན་ཆེན། མཁན་ཆེན་པདྨ་ཤེས་རབ་སོགས་རྙིང་མའི་བླ་ཆེན་ཁག་དང་མཁན་སྤྲུལ་སྨོན་ལམ་འདུས་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དབང་བཀའ་དྲིན་བསྩལ། སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༣ ཚེས་ ༤ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བྷེལ་ཇམ་བོད་རིགས་ཚོགས་པ་དང་། ཆིག་སྒྲིལ་ཚོགས་པ། རྡ་ས་ཚོང་པའི་ཚོགས་པ། ལྷ་ས་སྐྱིད་སྡུག ལྷོ་ཁའི་སྐྱིད་སྡུག་བཅས་ནས་༸སྤྱི་ནོར་གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་ལོ་འགོར་བརྟན་བཞུགས་བསྟར་འབུལ་གྱི་ཚོགས་མགོན་དང་རྡོ་རྗེ་སློབ་དཔོན་མཛད།

སྤྱི་ལོ་ ༢༠༡༥ བོད་ཟླ་ ༣ པའི་ཚེས་ ༢༠ ནང་ཆོས་ལྡན་འབྲུག་ཡུལ་དུ་གནས་སྐོར་དང་འབྲེལ་འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ཕལ་ཆེ་བར་ཆིབས་བསྐྱོད་ཀྱིས་དད་ལྡན་སེར་སྐྱ་མི་དམངས་ཡོངས་ལ་ཆོས་ལོངས་སྤྲུལ་གསུམ་གྱི་ལྗགས་ལུང་གཙོས་ཕེབས་ཞོར་ལ་ཆོས་འབྲེལ་གང་མང་བསྩལ་གནང་བ་དང་། དེ་ནས་སྔ་འགྱུར་བྱང་པ་༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེའི་གདན་ས་འབྲུག་ལྷོ་བྲག་མཁར་ཆུ་དགོན་དུ་ཕེབས་ཏེ་ནམ་སྙིང་རིན་པོ་ཆེ་སྐུ་མཚམས་ལ་བཞུགས་པའི་སྒྲུབ་ཁང་ནང་མཇལ་བཅར་དང་འབྲེལ་མཁར་ཆུ་འདུས་མང་ཡོངས་ལ་བླ་མ་གསང་འདུས་ཀྱི་བཀའ་དབང་དང་མཁར་ཆུ་བཤད་གྲྭའི་བསླབ་པ་མཐར་སོན་རྣམས་ལ་ཕྱག་ཁྱེར་བསྩལ་རྗེས་རྒྱ་གར་དུ་ཆིབས་བསྒྱུར་གནང་། དེ་རྗེས་སྤྱི་ལོ་ ༢༠༡༥ ཟླ་བ་ ༤ པའི་ཚེས་ཉེར་གསུམ་ནས་ཉིན་གསུམ་རིང་བཞུགས་སྒར་རྡ་སའི་ཕོ་བྲང་རྙིང་པར་ཞབས་སོར་འཁོད་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་བཅུ་བཞི་པ་ཆེན་པོ་མཆོག་ལ་རྡོ་བྲག་ཆོས་གྲྭ་བཅུ་གྲངས་ཤིག་ནས་སྒྲུབ་ཞག་སྔོན་སོང་ཐོག་༸སྐྱབས་རྗེ་གང་ཉིད་ནས་བྱང་གཏེར་མངའ་དབང་རིན་ཆེན་འབར་བའི་བཀའ་དབང་དང་བརྟན་བཞུགས་སྟབས་བདེ་ཞིག་བཅས་འབུལ་བཞེས་མཛད་དེ་གང་གི་ཞལ་སྔ་ནས་ཀྱང་། ལོ་འགོ་འདིར་རྡོ་རྗེ་བྲག་རིན་པོ་ཆེ་མཆོག་ནས་བརྟན་བཞུགས་ཚར་གཉིས་མཛད་བྱུང་བར་ཐུགས་རྗེ་ཆེ་ཞེས་དང་། རྡོ་རྗེ་བྲག་རིག་འཛིན་པད་ཕྲིན་གྱི་སྐབས་ནས་༸གོང་ས་ལྔ་པ་ཆེན་པོ་དང་ཐུན་མིན་གྱི་འབྲེལ་བའི་སྐོར་སོགས་གསུངས་ཏེ་ཐུགས་དགྱེས་ཚོར་ཆེན་པོ་མཛད་པ་བཅས་མདོར་ན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་ལ་བཀའ་དབང་སྔ་ཕྱི་གཉིས་འབུལ་གནང་མཛད། དེ་ལྟ་བུའི་ལྟ་བ་ནམ་མཁའ་ལས་མཐོ་ཡང་། ལས་རྒྱུ་འབྲས་བག་ཕྱེ་ལས་ཞིབ་པ། མཐོ་དམན་ཉེ་རིང་ཀུན་ལ་གཅིག་མཚུངས་སུ་མཛད་ལ། སྐུ་ཚེ་གང་པོར་ཡང་སྲིད་ངོས་འཛིན་མཛད་མ་མྱོང་ཞིང་། སྦས་པའི་རྣལ་འབྱོར་ཆེན་པོའི་ཚུལ་དུ་བཞུགས། ཕྱོགས་སུ་ཕེབས་སྐབས་ལམ་བར་ལ་འོ་བརྒྱལ་ཇི་ལྟར་ཆེ་ཡང་དགོང་མོའི་ཞལ་འདོན་དང་བསྔོ་སྨོན་ཆུ་ཚོད་གཅིག་ལྷག་ཉིན་ལྟར་ཆག་མེད་དུ་མཛད་ཅིང་ཆོས་སྤྱོད་ལ་ཐུགས་ཤིན་ཏུ་བཙུན་པས་སྙིགས་མཐའ་འདིར་ཆོས་བཞིན་འདུལ་བ་བཞིན་མཛད་པའི་མིག་དཔེ་རུ་བཞེངས་ལ་འགྲན་ཟླ་བྲལ། སྐུ་ཚེ་གང་པོར་མཛད་ཕྲིན་འོད་སྟོང་དཀར་པོས་ས་གསུམ་ཡུག་གཅིག་ཏུ་ཁྱབ་པར་མཛད་པ་དང་། མཐར་རྒྱ་གར་འཕགས་པའི་ཡུལ་གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་ཆེན་མོའི་དྲུང་མཇུག་མཐའི་བསྔོ་སྨོན་རྒྱས་པ་རེ་མཛད་ཅིང་དགོང་མོའི་རྒྱུན་གྱི་ཞལ་འདོན་གསུང་སྐབས་དམིགས་བསལ་རང་ལུགས་བྱང་གཏེར་བླ་མ་བརྒྱུད་པའི་གསོལ་འདེབས་ཆ་ཚང་གསུངས་ཤིང་བསྔོ་སྨོན་རྒྱས་པ་རེ་མཛད་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་ ༡༡ ཚེས་ ༡༣ སྤྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ ཉིན་གྱི་ཐོ་རེངས་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་གཟུགས་སྐུ་རགས་པའི་སྣང་བ་ཉེར་བར་བསྡུས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།།

དེ་རྗེས་དགོན་བྱང་རིན་པོ་ཆེ་མཆོག་དང་ལ་ཆུང་རིན་པོ་ཆེ་རྣམ་གཉིས་འཕྲལ་མར་ཆེད་ཕེབས་ཐོག་རྡོ་བྲག་གདན་སའི་མཁན་སློབ་ནས་ཐོག་མའི་སྐུ་ཁྲུས་གསོལ་བ་སོགས་མཛད་ཅིང་སྐུ་གདུང་ཕྱག་ལས་ཐོག་རྒན་ངག་དབང་ལགས་ནས་ཐུགས་འགན་ཆེ་བཞེས་མཛད།

སྐབས་དེར་སྔ་འགྱུར་སྨོན་ལམ་ཆེན་མོ་འཚོག་རྒྱུར་ཉེ་བས་ཞལ་སློབ་སྔ་འགྱུར་འདུས་མང་ཡོངས་ལ་མཇལ་ཁ་ཞུ་བདེ་བ་སོགས་ཀྱི་དགོས་དབང་དུ་མའི་རྐྱེན་གྱིས་སྨོན་ལམ་ཆེན་མོའི་རིང་སྐུ་གདུང་རྡོ་རྗེ་གདན་དུ་བཞུགས་སུ་གསོལ་རྒྱུའི་བཀའ་བསྡུར་བྱུང་སྟེ་ཕུར་པ་ལྷ་ཁང་གི་བླ་མ་ཉི་མ་ཚེ་རིང་མཆོག་གི་མཐུན་འགྱུར་འོག་དེ་གར་ལ་ཆུང་རིན་པོ་མཆོག་དབུ་བཞུགས་ཐོག་རྡོ་བྲག་གདན་སའི་དགེ་འདུན་དང་འབྲུག་ལྷོ་བྲག་མཁར་ཆུ་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་གཙོས་དེ་བཞིན་གཏིང་སྐྱེས་དགོན་བྱང་དགོན། མོན་གྷོ་རྡོ་བྲག་གསང་སྔགས་ཆོས་འཁོར་གླིང་སོགས་ཕྱོགས་མཐའི་བྱང་གཏེར་དགོན་ཁག་གི་དགེ་འདུན་པ་ཅི་རིགས་ཕེབས་བཞུགས་ཀྱིས་ཉིན་མཚན་འཁོར་མོ་ཡུག་ཏུ་དགོངས་རྫོགས་ཀྱི་ཚོགས་མཆོད་རྒྱ་ཆེར་འབུལ་གནང་མཛད་ཅིང་། སྐབས་དེར་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོར་ཕེབས་པའི་རྙིང་མའི་བླ་ཆེན་ཡོངས་དང་། རྒྱལ་དབང་ཀརྨ་པ་མཆོག་དང་ཡོངས་དགེ་མི་འགྱུར་རིན་པོ་ཆེ་སོགས་རིས་མེད་སྐྱེས་ཆེན་རྣམ་པ། མཁན་སྤྲུལ་བླ་སློབ་འདུས་མང་རྣམས་སྐུ་གདུང་མཇལ་བཅར་ཞུས་ནས་ཐུགས་སྨོན་གནང་། བོད་ཟླ་ ༡༢ ཚེས་ ༥ ཉིན་སྐུ་གདུང་རིན་པོ་ཆེ་གནས་མཆོག་རྡོ་རྗེ་གདན་ནས་སྔ་འགྱུར་རྙིང་མའི་བླ་སྤྲུལ་མཁན་གསུམ་གྱིས་གཙོས་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་འདུས་ཚོགས་ཁྲི་ཚོ་མང་པོས་དད་གདུང་ཡིད་སྐྱོ་དྲག་པོ་དང་བཅས་གནས་མཆོག་རྡོ་རྗེ་གདན་ནས་མགོན་པོ་གང་གི་གདན་སའི་ཕྱོགས་སུ་ཕེབས་སྐྱེལ་གྲ་རྒྱས་ཞུས།

དེ་ནས་གཞུང་ལམ་བརྒྱུད་གང་གི་གདན་ས་སིམ་ལ་ཐུབ་བསྟན་རྡོ་རྗེ་བྲག་དགོན་དུ་ཧི་མ་ཅལ་མངའ་སྡེའི་དཔོན་རིགས་ཁག་གི་གཙོས་སེར་སྐྱ་མི་མང་གིས་བསུ་བ་དང་བཅས་གདན་སར་འབྱོར།

སྐུ་ཚིགས་ཞེ་དགུ་བར་ལ་ཆུང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བྱང་གཏེར་བླ་མ་མཆོད་པའི་ཆོ་ག་དང་སྒྲུབ་སྐོར་རྣམས་ཀྱི་ལས་གཞུང་བསྲངས་ཏེ་ཚོགས་མཆོད་སྤྲོ་འབུལ་མཛད་སྐབས། དགོན་བྱང་རིན་པོ་ཆེ། བཀའ་བརྒྱུད་རྒྱབ་ར་ཁྲི་ཚབ་རིན་པོ་ཆེ་སོགས་བླ་ཆེན་ཆེད་ཕེབས་མཛད། འོག་མིན་ཨྱོན་སྨིན་གྲོལ་གླིང་ནས་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གི་དབུས་མཁན་སློབ་དགེ་འདུན་བཅུ་ཕྲག་འགས་སྨིན་གླིང་རྡོར་སེམས་དང་བླ་མ་མཆོད་པའི་སྒོ་ནས་འདས་མཆོད་ཕུལ། འབྲུག་ནས་༸སྐྱབས་རྗེ་བདུད་འཇོམས་ཡང་སྲིད་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་། སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༢ སྤྱི་ཚེས་ ༡༨ ཉིན་དཔལ་༸ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་དགོངས་རྫོགས་མཆོད་འབུལ་ཉིན་གསུམ་གྱི་རིང་གྲ་རྒྱས་སུ་མཛད། དེ་རྗེས་སྤྱི་ཟླ་ ༦ སྤྱི་ཚེས་ ༡༠ ཉིན་མགོན་པོ་གང་གི་ཐོག་མའི་ཞལ་སློབ་སྐྱོང་ཡུལ་ལ་དྭགས་གསེར་ཁྲི་ཡུལ་དགོན་ཐུན་མོང་ནས་རེ་སྐུལ་གནང་བ་བཞིན་སྐུ་གདུང་མ་ན་ལི་བརྒྱུད་སྤང་སྒང་རི་ཁྲོད་དགོན་དུ་མཚན་གཅིག་མཆོད་འབུལ་དང་བཅས་ལ་དྭགས་བྲག་ཐོག་དགོན་དང་དེ་བཞིན་ཉིད་ཀྱིས་ཕྱག་བཏབ་པའི་ལྕོག་ལམ་ས་དགོན་བཅས་སུ་བདུན་ཕྲག་རེ་རེ་དགོངས་རྫོགས་མཆོད་འབུལ་མཛད་པ་དང་། སྤྱི་ཚེས་ ༢༦ མཚན་མོ་ལ་དྭགས་གནས་བཞུགས་རིས་མེད་སྐྱེས་བུ་དམ་པ་མང་པོ་དང་དེ་བཞིན་སྐྱིད་སྡུག་ཚོགས་པ་ཁག་དང་། དད་ལྡན་མང་ཚོགས་གང་མང་ཞིག་ཕེབས་བཅར་གྱིས་མར་མེའི་སྨོན་ལམ་དང་། མཛད་པ་རྗེས་དྲན་གྱི་མྱ་ངན་དགོངས་ཚོགས་མཛད་སྒོ་ཞིག་ཀྱང་གོ་སྒྲིག་ཞུས། དེ་ནས་སིམ་ལར་གདན་ཞུ་མཛད་དེ་ད་ཆ་སྐུ་གདུང་རིན་པོ་ཆེ་སིམ་ལར་དད་ལྡན་འགྲོ་བའི་དཔལ་དུ་བཞུགས་བཞིན་པའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།