རྩོམ་སྒྲིག་པ།
མི་དབང་རྒྱལ་པོ་ཞིག་གིས་སྔ་ནས་བསྐྲུན།།
ཆུ་མོ་ཡ་མུ་ཎཱ་ཡིས་བརྩེ་བས་བསྐྱངས།།
དེང་གི་ཚན་རིག་པ་རྣམས་ཧད་དུ་བཅུག།
གནམ་གཤིས་ལྷན་དུ་རང་གི་ཁ་དོག་བརྗེས།།
གཏམ་རྒྱུད་རིང་བའི་བརྩེ་གདུང་མཚོན་བྱེད་གང་།།
ཨི་ཊ་ལི་ནས་བག་མར་མ་བྱིན་མོད།།
དེང་སང་པེ་རི་སི་རུ་གནས་སྡོད་བྱེད།།
ཨ་མའི་མངལ་ནས་བཙས་པ་མིན་ན་ཡང་།།
འཛམ་གླིང་མཛངས་མའི་ཁྲོད་དུ་མིང་གྲགས་ཆེ།།
ཡ་མཚན་ཅན་གྱི་མི་མོ་སུ་རེད་དམ།།
གཅིག་པུར་བཞག་ན་ནུས་པ་གང་ཡང་མེད།།
གཞན་དང་ཕྲད་ན་ཁྱད་ཆོས་ངོམ་རྒྱུར་དགའ།།
སྟོང་ཉིད་མིང་དུ་ཐོགས་པའི་གྲངས་སྒོ་དེ།།
ཨང་རྩིས་མ་ཡུམ་ཆེད་དུ་བསུ་མཁན་གྱི།།
དྲང་སྲོང་སྙན་གྲགས་ཅན་དེ་སུ་རེད་དམ།།
བརྒྱ་ཕྲག་བདུན་ལས་ལྷག་པའི་ཕམ་ཁ་ལ།།
སྣང་དོགས་མེད་པར་ད་དུང་མདུན་སྐྱོད་བྱས།།
འཛམ་བུའི་གླིང་དུ་འུག་མིག་བསྐྲུན་པ་ན།།
མཁས་བླུན་ཀུན་ཀྱིས་བཀའ་དྲིན་ཅིག་ཅར་དྲན།།
མཁས་པ་ཨུ་ཚུགས་ཅན་དེ་སུ་ལགས་སམ།།
འཇིག་མེད་ཐོག་ཁེབས་སྔོན་པོས་བཀབ་ཡོད་ཀྱང་།།
ཆར་ཆུ་གང་པོ་ནང་དུ་ཟགས་ནས་ཡོང་།།
མཁས་པ་མང་པོས་སྐྱོན་དུ་གཟིགས་ན་ཡང་།།
ད་དུང་སྨྱོན་པ་ཁྱུ་ཞིག་སྐྱིད་ཚུལ་གླེང་།།
ཀ་བ་མེད་པའི་ཁང་ཆེན་གང་རེད་དམ།།