༣༥༽ ལེགས་སྦྱར་དང་བོད་སྐད་ཤན་སྦྱར།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།


་་་་་་འདོན་ཐེངས་སྔ་མའི་འཕྲོ།
རྟགས་གསུམ་པོ་གསལ་བྱེད་ཀྱི་མཐའ་ཅན་ལ་མིང་གི་ངོ་བོས་སྒེར་ཆོས་རྣམས་དང་། དེ་མིན་རྣམས་དབྱངས་ཐོག་ཏུ་དྲངས་པ་སོགས་གཞུང་ལྟར་བྱའོ། །རྟགས་གསུམ་ག་འཇུག་པ་ནི་སརྦ་སོགས་ཀྱི་སྡེ་ཚན་དུ་གྲགས་པ་སྟེ། གང་ཞེ་ན། སརྦ། ཐམས་ཅད། བི་ཤྭ། སྣ་ཚོགས། ཨུ་བྷ་དང་། ཨུ་བྷ་ཡ། གཉིས་ཀ ཨ་ནྱ། གཞན། ཨ་ནྱ་ཏ་ར་དང་། ཨ་ནྱ་ཏ་མ། གཞན་ཤོས། ཨི་ཏ་ར་དང་། ཨི་ཏ་མ་དང་། ཌ་ཏ་ར་དང་། ཌ་ཏ་མ་དང་། ཀ་ཏ་ར་དང་། ཀ་ཏ་མ། རྣམས་ཅིག་ཤོས། ཏྭ། གཅིག་ཤོས། ས་མ། ཐམས་ཅད། སཱི་མ། མཚམས། ནེ་མ། ཕྱེད། པཱུརྦ། སྔོན་ནམ་ཤར། པ་ར། ཕ་རོལ། ཨ་བ་ར། ཕྱི་མ། དཀྵི་ན། ལྷོའམ་གཞན། ཨུཏྟ་ར། དང་། ཨ་པ་ར། ཚུ་རོལ་ལམ་གཞན། ཨ་དྷ་ར། དམའ་བ། སྭ། ནོར་དང་གཉེན་བརྗོད་པ་མ་ཡིན་པའི་འཇུག་པ་གཞན་བརྗོད་པ་དང་། ཨནྟ་ར། ཕྱི་རོལ་དང་། མ་འབྱོར་བ་དང་། སྨད་འོས་ལ་འཇུག་པ་དང་། ཨེ་ཀ གཅིག དྭི། གཉིས། ཏྭ་ད྄། གཞན་ནམ་དེ། ཏྱད། ཏྭ་ད྄། གཉིས་དེ་ཞེས་པའི་དོན། ཡད྄། གང་ཞེས་པའི་དོན། ཨེ་ཏད྄། ཨ་དམ྄། ཨ་དས྄། རྣམས་འདི། ཀིམ྄། ཅི། ཡུ་སྨད྄། ཁྱོད། ཨ་སྨད྄། བདག བྷ་བཏ྄། ཁྱོད་ཅེས་པ་རྣམས་སོ།།
འདི་རྣམས་ལས་སརྦ་སོགས་ཨ་ཐུང་མཐའ་ཅན་རྣམས་སྐྱེས་པའི་རྟགས་སུ་བསྒྲུབ་ཚེ། སརྦཿ ཐམས་ཅད། སརྦཽ། ཐམས་ཅད་དག སྒེར་མདོ། ཛས྄་ཨཱི་རུ་བསྒྱུར་བས། སརྦེ། ཐམས་ཅད་རྣམས། ཨམ྄་ཤས་དག་གི་ཨ་དབྱི། སརྦཾ། ཐམས་ཅད་ལ། སརྦཽ། ཐམས་ཅད་དག་ལ། སརྦཱ་ན྄། ཐམས་ཅད་རྣམས་ལ། སརྦེ་ཎ། ཐམས་ཅད་ཀྱིས། འདིར་ཥ་ར་རཡི་ཕ་རོལ་གྱི་ན་ནི་ཎ་རུ་འགྱུར་ཏེ་ཚིག་མཐའི་ན་སྲོག་མེད་ནི་དེར་མི་འགྱུར་རོ། །དེར་མ་ཟད། ཨ་བ་ཀུ་པུ་བར་ན་ཡོད་ཀྱང་ངོ་ཞེས་པས། ཨ་བ་ཞེས་བསྡུ་བས་དབྱངས་ཐམས་ཅད་དང་། ཧ་བ། ཀ་སྡེ་པ་སྡེ་རྣམས་ཀྱིས་བར་ཆོད་ཀྱང་ཎར་འགྱུར་བ་ནི་སྐབས་འདིར་མ་ཟད་སྤྱིར་ཤེས་པར་བྱའོ།། སརྦཱ་བྷྱཱ་མ྄། ཐམས་ཅད་དག་གིས། བྷ་ལ་རྟགས་མཐའ་རིང་ངོ་། །བྷི་ས྄་ཨིས་སུ་བསྒྱུར་བ་ཨ་ཐུང་བཞིན་ཏེ། སརྦཻཿ ཐམས་ཅད་རྣམས་ཀྱིས། འདིར་ངེ་དང་ང་སིའི་སྒེར་ཆོས་རྣམ་དབྱེའི་གོང་དུ། སྨཊ྄། སྟེར། ཊ་འགྲོ། དེ་ཡི་ང་འགྲོ། སརྦ་སྨཻ། ཐམས་ཅད་ཀྱི་ཆེད་དུ། སརྦཱ་བྷྱཱཾ། ཐམས་ཅད་དག་གི་ཆེད་དུ། སརྦེ་བྷྱཿ ཐམས་ཅད་རྣམས་ཀྱི་ཆེད་དུ། ང་སིའི་ང་དང་ཨེ་ཕྱིས། དེ་ཨ་རུ་བསྒྱུར་བས། སརྦ་སྨཱཏ྄། ཐམས་ཅད་ལས། སརྦཱ་བྷྱཾ། ཐམས་ཅད་དག་ལས། སརྦེ་བྷྱཿ ཐམས་ཅད་རྣམས་ལས། ངས྄་སྱར་བསྒྱུར་བས། སརྦ་སྱ། ཐམས་ཅད་ཀྱི། སརྦ་ཡོཿ ཐམས་ཅད་དག་གི དྲུག་པའི་མང་ཚིག་ཨཱམ྄་ལ་སུཊ྄་སྟེར། ཨུཊ྄། ཕྱིས། ས་ཥར་འགྱུར་བས་རྟགས་མཐའ་ཨེ། སརྦེ་ཥཱཾ། ཐམས་ཅད་རྣམས་ཀྱི། ངི་སྨིན྄་དུ་བསྒྱུར། སརྦ་སྨིན྄། ཐམས་ཅད་ན། སརྦ་ཡོཿ ཐམས་ཅད་དག་ན། སརྦེ་ཥུ། ཐམས་ཅད་རྣམས་ན། ཧེ་སརྦཿ ཧེ་སརྦཽ། ཧེ་སརྦེ། ལྟ་བུའོ།།
དེ་བཞིན་བི་ཤྭ་སོགས་སརྦ་ནཱ་མའི་སྒྲ་ཨ་ཡིག་གི་མཐའ་ཅན་ཀུན་དེ་དང་འདྲའོ། །དེའི་ནང་གི་ཌ་ཏ་ར་དང་། ཌ་ཏ་མ་རྐྱེན་ཡིན་གྱི་མིང་དངོས་མིན་ཡང་མིང་གཞན་གྱི་མཐར་སྦྱར་ནས་བྱུང་ཚེ་སརྦ་དང་འདྲ། པཱུརྦ་ནས་ཨནྟ་རའི་བར་གྱི་དགུ་པོ་རྣམས་ལ་ཛས྄་ཨིར་བསྒྱུར་བའམ་ཡང་ན་ཨ་ཐུང་ལྟར་བསྒྲུབ། ང་སི་ངི་དག་གི་སྨཱཏ྄་དང་། སྨིན྄་དག་ཏུ་ཡང་ན་འགྱུར། ཡང་ན་མི་འགྱུར་བ་འདམ་ངའོ། །ཨུ་བྷ་ལ་རྟག་ཏུ་གཉིས་ཚིག་རྣམས་ལས་གཞན་མི་འཇུག སརྦ་སོགས་མོ་རྟགས་སུ་བསྒྲུབ་ཚེ་ཨཱ་པ྄་བྱིན་པས་སརྦྦཱ་སོགས་སུ་གྲུབ་པ་ལ། ང་འགྲོ་བ་བཞི་ལ་ཉེར་ཁྱད་ཡཊ྄་བྱིན། རྟགས་མཐའ་ཐུང་། དེའི་གོང་དུའང་སུཊ྄། ཨུཊ྄་ཕྱིས། ང་རྣམས་འགྲོ། བུད་མེད་ཀྱི་མདོ་ལྔ་སྦྱར། སརྦཱ། ཐམས་ཅད་སོགས་དང་། སརྦ་སྱཻ། དེ་བྱིན་པའོ། །ང་སི་ལངས་ལ། སརྦ་སྱཱཿ ངི་ལ། སརྦ་སྱཾ། སོགས་ཏེ་དེ་བཞིན་བི་ཤྭ་སོགས་ལའོ། །སརྦ་སོགས་མ་ནིང་དུ་བསྒྲུབ་ཚེ་མ་ནིང་ཨ་ཐུང་མཐའ་ལྟར་དང་། ཨ་ནྱ་ལ་སོགས་པ་བདུན་པོ་ལ། སི་ཨམ྄་དག་ཤྟུ་རུ་བསྒྱུར། ཤ་དང་ཨུ་ཕྱིས་པས། ཨ་ནྱཏ། གཞན། ཨཽ་སོགས་ལྔ་པོ་མ་ནིང་གི་མདོ་སྔ་མ་བཞི་སྦྱར། ཊཱ་ཕན་ཆད་ལ་ཨ་ཐུང་ལྟར་བྱའོ། །འདི་རྣམས་མཚོན་པ་ཙམ་དུ་བཤད་ཀྱིས་ཞིབ་པར་སྒྲ་གཞུང་རྣམས་ལས་ཤེས་དགོས་སོ།།
སརྦ་སོགས་ཀྱི་ནང་ཚན། ཏྱད྄། ལ་སོགས་པ་གསལ་བྱེད་མཐའ་ཅན་སྐྱེས་པའི་རྟགས་སུ་བསྒྲུབ་ཚེ། ཨི་དམ྄། ལ་སི་སྦྱར་བ་ན་མིང་རྐྱེན་དང་བཅས་པ་ཨ་ཡཾ་དུ་འགྱུར། ས་དག་ལ་ཨ་ན་རུ་འགྱུར། ས་བྷ་ཕ་རོལ་ལ་ཨ་ཡིག་ཏུ་འགྱུར། ཨི་དམ྄་དང་ཨ་དས་ཀྱི་ཕ་རོལ་བྷིས་ཨིས་སུ་མི་འགྱུར་བ་དང་། ད་མང་འགྱུར་བ་སོགས་ཏེ། ཨི་ཡཾ། འདི། ཨི་མོ། ཨི་མེ། སོགས། ཨ་ནེ་ན། འདི་ཡིས་སོགས་སོ། །ཀིམ྄་ལ་སི་སོགས་སྦྱར་ཚེ་སྲོག་གི་ཨི་ཨ་རུ་འགྱུར། ཀཿ སུ། ཀཽ སུ་དག ཀེ་སུ་རྣམས་སོགས་དང་། ཀེ་ན། སུས། ཀསྨཱ་ཏ། སོགས་སོ། །ད་མཐའ་ཅན་ཏྱད྄་ལ་སོགས་པ་སི་ཕ་རོལ་ལ་ས་ཉིད་དུ་འགྱུར། གཞན་ཨ་ཐུང་མཐའ་ཅན་དང་སརྦ་ནཱ་མའི་མདོ་ཨི་དམ྄་སྐབས་ལྟར་སྦྱར་བས་ཏྱད྄་ལ། སྱཿ དེ། ཏྱཽ། ཏྱེ། སོགས་སོ། །ཏད྄་ལ། སཿ ཏཽ། ཏེ། སོགས་དང་། ཡད྄་ལ། ཡཿ ཡཽ། ཡེ། སོགས། ཨེ་ཏད྄་ལ། ཨེ་ཥཿ ཨེ་ཏཽ། ཨེ་ཏེ། སོགས་སོ། །སརྦ་སོགས་ཀྱི་ནང་ཚན། ཨ་དས྄། སྐྱེས་རྟགས་སུ་བྱེད་ཚེ། སི་ཕ་རོལ་ལ་དས྄་ས་ཡིག་ཏུ་འགྱུར་ཞིང་སི་ཨཽ་རུ་འགྱུར་བས། ཨ་སཽ། འདི་ཨཽ་ཕན་ཆད་ཀྱི་རྣམ་དབྱེ་ལ་དས྄་མ་རུ་འགྱུར་ཞིང་སྲོག་གི་དབྱངས་འགྱུར་ཚུལ་དང་སྐྱེས་པ་དང་སརྦའི་མདོ། དའི་མ་སོགས་ཀྱིས་བསྒྲུབ་པས། ཨ་མཱུ། འདི་དག ཨ་མཱི། འདི་རྣམས་སོགས་སོ། །ཡང་ཨ་དས྄་ཀྱི་རྣམ་འགྱུར་གཞན་དས྄་མ། མའི་ཨུ། དེ་ལ་ཀ་རྐྱེན་དུ་བྱིན་པས། ཨ་མུ་ཀ དེ་ལ་རྣམ་དབྱེ་སྦྱོར་ཚུལ་ཨ་ཐུང་དང་སརྦའི་ཆོ་ག་གང་རུང་དུ་འགྱུར་ཏེ། ཨ་མུ་ཀཿ ཆེ་གེ་མོའམ་འདི་ཀ ཨ་མུ་ཀཽ འདི་དག་གམ་ཆེ་གེ་མོ་དག ཨ་ནུ་ཀེ ཆེ་གེ་མོ་རྣམས་སོགས་སོ། །སརྦ་སོགས་བུད་མེད་ཀྱི་རྟགས་སུ་བསྒྲུབ་ཚེ་ཨ་མཐའ་ཅན་རྣམས་ལ་ཨཱཔ྄་བྱིན། ངེ་སོགས་བཞི་ལ་ཡཊ་སྟེར། རྟགས་མཐའ་ཐུང་། བུད་མེད་ཀྱི་ཨཱཔ྄་ལས་སོགས་མདོ་ལྔ་སྦྱར་བས། སརྦཱ། སརྦེ། སརྦཿ སོགས་སོ། །གསལ་བྱེད་ད་མཐའ་ཅན་ཏྱད྄་སོགས་ལ་ཊིའི་ཨ་ཡིག་བྱས། ཨཱ་པ྄་བྱིན་པས་ཏྱཱ། དེ་ལ་བུད་མེད་དང་སརྦའི་མདོ་བརྒྱད། ཏའི་སའོ་སོགས་སྦྱར་བས། སྱཱཿ དེ། ཏྱེ། དེ་དག ཏྱཱཿ དེ་རྣམས་སོགས་སོ། །ཀིམ྄་ལ། ཀཱཿ ཅི། ཀེ་ཅི་དག ཀཱཿ ཅི་རྣམས་སོགས་སོ། །ཨི་དམ་ནི་སེ་དང་ལྷན་ཅིག་ཨི་ཡམ་དུ་འགྱུར་ཞིང་། ཨཽ་སོགས་ལ་ཊི་ཨ་དམར། ས་བྷ་ལ་ཨ་སོགས་དང་། ཨ་ལས་ཨཱ་ས྄་སོགས་སྔ་མ་ལྟར་བསྒྲུབས་པས། ཨི་ཡཾ། འདི། ཨི་མེ། འདི་དག ཨི་མཱཿ འདི་རྣམས་སོགས་སོ།།
ཡང་སརྦ་སོགས་ཀྱི་སྡེ་ཚན་མ་ནིང་དུ་བྱེད་ན་དེའི་ཨ་ཐུང་དང་ཐུན་མོང་དུ་བསྒྲུབ་ཅིང་། ཨ་ནྱ་ལ་སོགས་པ་བདུན་ལ། སི་ཨ་མ྄་དག་ཤྟུ་རུ་བསྒྱུར། ཤ་དང་ཨུ་ཕྱི། ཨནྱ་ཏ། གཞན། ཨཽ་སོགས་ལྔ་པོ་མ་ནིང་གི་མདོ་སྔ་མ་བཞི་སྦྱར། ཊཱ་ཕན་ཆད་ཨ་ཐུང་ལྟར་ཏེ། ཨ་ནྱེ། གཞན་དག ཨནྱཱ་ནི། གཞན་རྣམས་སོགས་སོ། །རྐྱེན་ཌ་ཏར། ཊ་ཏ་མ་སོགས་ཀྱང་ངོ་། ཏྱད་སོགས་མ་ནིང་ལ་འཇུག་ཚེ་སི་ཨམ་དག་འཇིག་པས་ཊིའི་ཨར་མི་འགྱུར། ཨཽ་སོགས་ལ་འགྱུར། ཨཽ་ཨིའོ། །ཛས྄་ཤས྄་ཤི ཡ་མ་མིན་པ་སོགས། ན྄འི་ཨུ་པ་དྷ྄་སོགས་མདོ་དང་། གསུམ་པ་ཕན་ཆད་སརྦའི་བཞིན་ནོ། །ཏྱད྄། ཏྱཏ྄། དེ། ཧྱེ། ཏྱཱ་ནི་སོགས་སོ། །དེ་བཞིན། ཡད྄། སོགས་མཐར་སྦྱར་རོ། །ཀིམ྄། ཅི། ཀེ ཀཱ་ནི། སོགས་སོ། །ཨི་དམ྄། འདི། ཨི་མེ། འདི་དག ཨི་མཱ་ནི། འདི་རྣམས། ཨ་མ་སོགས་ཕན་ཆད་འདྲའོ། །ཨི་དཾ། འདི། ཨི་མེ། འདི་དག ཨི་མཱ་ནི། འདི་རྣམས་སོགས། ཊཱ་ཕན་ཆད་སརྦའི་མདོ་ལྟར་རོ། །ཨ་དས྄་ལ། མ་ནིང་ལ་སི་ཨཾ་དག་གི སར་དག་གི་གཉིས་ཚིག་སོགས་ལ་ཊིའི་ཨེ། དའི་མ། མའི་ཨུ་བྱས་པས། ཨ་དཿ འདི། ཨ་མཱུ། འདི་དག ཨ་མཱུ་ནི། འདི་རྣམས། ཨ་མ་སོགས་འདྲའོ།།
དེ་ནས་སརྦ་སོགས་ཀྱི་ནང་ཚན་ཡུཥྨད྄་ཨུཥྨད྄་གཉིས་ཀྱི་རྣམ་འགྱུར་ནི་རྣམ་དབྱེ་དང་ལྷན་ཅིག་ཚིག་ཕྲད་ཀྱིས་བསྒྲུབ་པ་སྟེ་འདི་ལ་རྟགས་གསུམ་དུ་དབྱེར་མེད་པས་ཀུན་ཏུ་མཚུངས་པར་འགྱུར་རོ། །དེ་ཡང་ཡུ་ཥཱི་འཚེ་བའི་བྱིངས་དང་། ཨ་སུ་འཕེན་པའི་བྱིངས་ལས་བསྒྲུབ་པའི་ཡུཥྨད྄། ཁྱེད། ཨཥྨད྄། ངེད་ཅེས་གྲུབ། དེ་ལ་རྣམ་དབྱེ་སྟེར་བས་འདི་ལྟར་འགྱུར་ཏེ། སི་བྱིན་ན་མིང་རྣམ་དབྱེ་བཅས་པ། ཏྭཾ། ཨ་ཧཾ། ཞེས་པར་འགྱུར་ཏེ། ཏྭཾ། ཁྱོད། ཨ་ཧཾ། ང་། དེ་བཞིན། ཨཽ་སོགས་གཉིས་ཚིག་ཕ་རོལ་དུ་བྱུང་ན། ཡུ་བ། དང་། ཨཱ་བ། ཞེས་པར་འགྱུར་ཞིང་ཕ་རོལ་གྱི་ཨཽ་ཨཱ་མ་དུ་འགྱུར་རོ། །དེ་བཞིན་ཛས྄་ཀྱིས་ཡཱུ་ཡཾ། བ་ཡཾ། ཨ་མ་ཕན་ཆད་ཀྱི་གཅིག་ཚིག་ཐམས་ཅད་ལ། ཏྭད྄། མད྄། ཅེས་པར་འགྱུར་རོ། །དེའི་ཕ་རོལ་དུ་རྣམ་དབྱེ་ཨ་མ་དང་ས་ཡིག་བྷིས་ལ་ཊིའི་ཨཱ་ཉིད་དུ་འགྱུར་བ་སོགས་ཀྱི་སྒོ་ནས་འདི་ལྟར། ཏྭཾ། ཁྱོད། ཨ་ཧཾ། ང་། ཡུ་བཱཾ། ཁྱོད་དག ཨཱ་བཱཾ། ངེད་དག ཡཱུ་ཡཾ། ཁྱེད་རྣམས། བ་ཡཾ། ངེད་རྣམས། ཏྭཱཾ། ཁྱོད་ལ། མཱཾ། ངེད་ལ། ཡུ་བཱཾ། ཁྱོད་དག་ལ། ཨཱ་བཱཾ། ངེད་དག་ལ། ཡུཥྨཱན྄། ཁྱོད་རྣམས་ལ། ཨུཥྨཱན྄། ངེད་རྣམས་ལ། ཏྭ་ཡཱ། ཁྱོད་ཀྱིས། མ་ཡཱ། བདག་གིས། ཡུ་བཱ་བྷྱཱཾ། ཁྱེད་ཅག་གིས། ཨཱ་བཱ་བྷྱཱཾ། ངེད་དག་གིས། ཡུཥྨཱ་བྷིཿ ཁྱེད་རྣམས་ཀྱིས། ཨཥྨཱ་བྷིཿ ངེད་རྣམས་ཀྱིས། ཏུ་བྷྱཾ། ཁྱོད་ཀྱི་ཆེད། མ་ཧྱཾ། བདག་ལའམ་བདག་གི་ཆེད་དུ། ཡུ་བཱ་བྷྱཱཾ། ཁྱེད་དག་གི་ཆེད་དམ་ཁྱེད་དག་ལ། ཨཱ་བཱ་བྷྱཱཾ། ངེད་དག་ལའམ་ངེད་དག་གི་ཆེད། ཡུཥྨ་བྷྱཾ། ཁྱེད་རྣམས་ཀྱི་ཆེད། ཨཥྨ་བྷྱཾ། ངེད་རྣམས་ཀྱི་ཆེད། ཏྭཏ྄། ཁྱོད་ལས། མཏ྄། ངེད་ལས། ཡུ་བཱ་བྷྱཱཾ། ཁྱེད་དག་ལས། ཨཱ་བཱ་བྷྱཱཾ། ངེད་དག་ལས། ཡུཥྨཱ་ཏ྄། ཁྱེད་རྣམས་ལས། ཨཥྨཏ྄། ངེད་རྣམས་ལས། ཏ་བ། ཁྱོད་ཀྱི། མ་མ། ངེད་ཀྱི། ཡུ་བ་ཡོཿ ཁྱེད་དག་གི ཨཱ་བ་ཡོཿ ངེད་དག་གི ཡུཥྨཱ་ཀཾ ཁྱེད་རྣམས་ཀྱི། ཨཥྨཱ་ཀཾ ངེད་རྣམས་ཀྱི། ཏྭ་ཡི། ཁྱེད་ལ། མ་ཡི། ངེད་ལ། ཡུ་བ་ཡོཿ ཁྱེད་དག་ལ། ཨཱ་བ་ཡོཿ ངེད་དག་ལ། ཡུཥྨ་སུ། ཁྱེད་རྣམས་ལ། ཨམྨཱ་སུ། ངེད་རྣམས་ལ་ཞེས་སོ།།
ཡང་དེ་དག་གི་ཁྱད་པར་གཞན་དུ་འགྱུར་ཚུལ་ཡང་། རྣམ་དབྱེ་གཉིས་པ་བཞི་པ་དྲུག་པ་རྣམས་ཀྱི་རྐྱེན་གསུམ་པོ་དང་སྦྱར་བས་རྣམ་འགྱུར་དེ་དག་སླར་ཡང་འདི་ལྟར་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ྄་དང་བཅས་པའི་ཡུཥྨད྄་ཨཥྨད྄་དག་ནི། ཏྭཱ། དང་། མཱ། ཞེས་པར་འགྱུར་རོ། །ཏྭཱ། ཁྱེད་ལ། མཱ། ངེད་ལ། གཉིས་ཚིག་ཡུ་བཱཾ་དང་ཨཱ་བས་དག་རིམ་བཞིན་བཱན། ཁྱེད་དག་ལ། ནཽ། ངེད་དག་ལ། ཞེས་སུ་འགྱུར་རོ། །དེ་བཞིན་བཞི་པའི། ཏུ་བྷྱཾ། མ་ཧྱཾ། གཉིས། ཏེ། དང་། མེ། ཞེས་པར་འགྱུར། གཉིས་ཚིག བཱན྄། དང་། ནཽ། མང་ཚིག བས྄། དང་། ནས྄་སུ་འགྱུར་རོ། །དྲུག་པའི་གཅིག་ཚིག ཏེ། དང་། མེ། གཉིས་ཚིག བཱན྄། དང་། ནཽ། མང་ཚིག་པས྄། དང་། ནས྄་ཞེས་སུ་འགྱུར་བ་ནི། སྔ་མ་དང་རྣམ་འགྱུར་མི་འདྲ་བའི་ལུགས་གཅིག་གོ །དེ་དག་གིས་མིང་མཐར་སྦྱར་བའི་རྣམ་དབྱེའི་འཇུག་པ་དོན་ཆེ་བ་ཅི་རིགས་བཤད་པའོ། །མི་ཟད་པའི་སྡེ་ཚན་ནི་གོང་དུ་བཤད་ཟིན་ཏོ།།

་་་་་མུ་འགོད།

ཁུངས་གཏུག་སའི་ཡིག་ཆ།
ཀ᫸ཐོག་བརྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོས་བསྒྲིགས་ཤིང་། སི་ཁྲོན་དཔེ་སྐྲུན་ཚོགས་པས་པར་དུ་བསྐྲུན་པའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། འཇམ་མགོན་མི་ཕམ་གསུང་འབུམ། པོད། ང་པ། སྨད་ཆ་ལས་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས་པའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།