༣༧༽ སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

དངོས་པོའི་དོན་ལ་ཏ་དང་། ཏྭ་དང་ཡཎ྄་རྣམས་ཏེ། བྲཱཧྨ་ཎ་གཏ་བྱིན། ཏ་རྐྱེན་གྱི་མཐའ་རྟག་ཏུ་བུད་མེད་ཡིན་པས་ཨཱ་པ྄་བྱིན། བྲཱཧྨ་ཎ་ཏཱ། བྲམ་ཟེ་ཉིད་དམ་བྲམ་ཟེའི་དངོས་པོ། ཛ་ན་ཏཱ། སྐྱེས་བུ་ཉིད། བྲཱ་ཧྨ་ཎ་ཏྭ། སེ་ཨམ྄་བྱས་པའོ། །དེ་བཞིན་སུམ་ནས་ལ་ཡཎ྄་བྱིན། དང་པོ་འཕེལ། ཎ་ཕྱིས། སེ་ཨམ་བྱིན་པས། སཽ་མ་ན་སྱཾ། ཡིད་བཟང་ཉིད། སཽ་བྷ་གྱཾ། སྐལ་བཟང་ཉིད་སོགས་སོ། །ལས་ལའང་ཡཎ་འཇུག་སྟེ། བྲཱཧྨ་ཎྱཾ། བྲམ་ཟེའི་ལས། ར་ཛྱཾ། རྒྱལ་པོའི་ལས། ཀཱ་བྱ། སྙན་ངག་གི་ལས། འདི་ལ་འདི་ཡོད་དོ་ཞེས་ཡོད་པའི་དོན་ནམ་ལྡན་རྐྱེན་ལམ་དུ་འགྱུར་ཏེ། ཨུ་ནུམ་འཇུག་པའི་དོན་ཏེ་ཕྱིས། ནུམ་སྟེར། ཨུམ྄་ཕྱིས། གོ་མནྟ། སི་བྱིན་པས་སྔ་མ་རིང་བརྩེགས་མཐའ་དབྱི། གོ་མཱན྄། ཞེས་དང་། ཡང་ན་གོ་མ྄ཏ་ལ་ཨཱིཀ྄་སྟེར་ཀ་ཕྱིས་པས། གཽ་མ་ཏཱི། གླང་ལྡན། ཤྲཱི་མ་ཏཱི། དཔལ་ལྡན། ཨཱ་ཡུཥྨཱན྄། ཚེ་དང་ལྡན་པ་སོགས་སོ། །མ་ཏུའི་དོན་ལ་ལཙ྄་འཇུག་པ། བ་ཏུ་ལཿ རླུང་ཚུབ་ཅན་སོགས་དང་། ཎ་ཞུགས་པ་ལཀྵྨ་ཎ། འབྱོར་པ་ཅན་སོགས་དང་། ཨཱུ་ཥ་སོགས་ལར་འཇུག་སྟེ། ཨུ་ཥ་རཿ ཚ་སྒོ་ཅན། ཁ་རཿ བོང་བུ་སྟེ་མགྲིན་བའི་བུ་ག་ཡངས་པ་ཅན་ནོ། །སྨད་པའི་དོན་ལ་འཇུག་པ་ཡོད་དོ། །ན་ག་ར། གྲོང་ཁྱེར་ཏེ། ན་ག་ཁང་བཟང་ལ་འཇུག་པས་དེ་ལྡན་ནོ། །ཡང་མ་འཇུག་པ། དྱུ་མཿ མཁའ་ལྡན། དྲུ་མ། ཡལ་ག་ཅན་ཏེ་ཤིང་ངོ་། །ཀེ་ཤ་སོགས་ལ་བཞུགས་པ། ཀེ་ཤ་བ། སྒྲ་ཅན། མ་ཎི་བཿ ནོར་བུ་ཅན། པཱ་ཎི་བཿ ལག་ལྡན། དེ་བཞིན་ར་ཋ་ན་སོགས་མང་པོ་འཇུག ཧསྟ་དང་། དནྟ་ལ་རིགས་བརྗོད་པར་མ་ཏུའི་དོན་ལ་ཨི་ནི་སྦྱར་བས། ཧསྟཱི་དང་། ལག་ལྡན། དནྟཱི། སོ་ལྡན་ཏེ་དེ་དག་གླང་པོ་ཆེའི་མིང་ངོ་། །ཧསྟ་བཱན། དནྟ་བཱན། ལག་ལྡན་དང་སོ་ལྡན་ཞེས་སུ་འགྱུར་ཀྱང་སྒྲ་དེ་དང་གླང་པོ་ལ་མི་འཇུག་གོ། །ཏུནྜི་སོགས་ལ་བྷ་སྟེ། ཏུཎྜི་བྷ། ལྟེ་འབུར། ཀུམྦྷ། ཆུ་ལྡན་ནོ། །ལྡན་རྐྱེན་གཙོ་བོ་མ་ཏུས྄་ལ་གཞན་མང་པོ་ཡོད་དོ། །མ་ཏུའི་དོན་ལ་ཨ་དང་ཨི་ཀའང་འགྱུར་ཏེ། བཻ་ཛ་ཡནྟི། ལ་ཨ་བྱིན། ཨ་ཨིའི་མིང་མཐའི་ཨི་དབྱི་དྲངས། བཻ་ཛ་ཡནྟཿ དོ་ཤལ་ཅན། མཱ་ཡཱ་ལ་ཨི་ཀ་བྱིན། ཨཱ་ཕྱིས་དྲངས། མཱ་ཡ་ཀཿ སྒྱུ་མ་ཅན། མ་ཡིག་དང་ཨ་ཡིག་གི་མཐའ་ཅན་ནོ། །དེ་གཉིས་ཨུ་པ་དྷ་སྟེ་མཐའ་ལས་སྔ་མར་གྱུར་བ་ལ་བ་ཏུ་དང་ཨིན྄་དག་རྐྱེན་དུ་འགྱུར་ཏེ། བྷ་ག་ལ་བ་ཏུ། ནུམ་སྟེར་བ་སི་དང་བརྩེགས་པ་དག་དབྱི་བ་སོགས་ཀྱིས། བྷ་ག་ཝཱན྄། བཅོམ་ལྡན། དྷ་ན་ལ་ཨིན྄་རྐྱེན་དུ་བྱིན། སི་ཕྱིས། དྷ་ནཱི། ནོར་ཅན། དཎྜཱི། དབྱུག་པ་ཅན། ཀ་མཱི། འདོད་ཅན། ཤ་མཱི། ཞི་བ་ཅན། ད་མཱི་འདུལ་བ་ཅན། སོགས་སོ།།
ཀི་མ་ལ་བ་ཏུ་བྱིན་ཚེ་ཀིམ྄་ཀི་རུ་བསྒྱུར། བ་ཡར་བསྒྱུར། ནུམ་སྦྱར་བ་སོགས་ཀྱིས། ཀི་ཡཱན྄། ཅི་ལྡན། ཨེཏད྄་བ་ཏུ་སྦྱར་ཚེ། ཨེ་ཏཱ་བཱན྄། ནམ། ཨི་ཡཱན྄། འདི་ལྡན། ཡང་ཏུནྡ་ལ་སོགས་ལ་བ་ཏུའི་ཚབ་ཏུ་ཨི་ལ་སྦྱིན་ཏེ་སི་དང་བཅས་པར། ཏུནྡི་ལཿ ལྟེ་བ་ཡོད་པ། ཨུ་ད་རི་ལཿ ལྟོ་བ་ཡོད་པ་ཅན། པིཙྪི་ལཿ ཕེ་ནི་ལཿ སྦུ་བ་ཅན། སོ་མཐོ་བ་ལ། དནྟ་ལ་ཨུར་བྱིན་པས་ཨ་དབྱི་དྲངས། སི་བྱིན། དནྟུ་རཿ སོ་མཐོ་བ། ཤྲདྡྷ་སོགས་ལ་ལུ་སྟེ། ཤྲདྡྷཱ་ལུཿ དད་པ་ཅན། ནི་དྲཱ་ལུཿ གཉིད་ཅན། ཀྲྀཔཱ་ལུཿ སྙིང་རྗེ་ཅན། ད་ཡཱ་ལུ། བརྩེ་བ་ཅན། གཞན་ཡང་ཨ་བ྄། མཱ་ཡཱ། མེ་དྷཱ། སྲཀ྄ རྣམས་ལ་བིན྄་བྱིན་པས། ཏེ་ཛས྄་ལ། ཏེ་ཛ་སྭཱི། གཟི་བརྗིད་ཅན། ཏ་པ་སྭཱི། དཀའ་ཐུབ་ཅན། མཱ་ཡཱ་བཱི། སྒྱུ་མ་ཅན། མེ་དྷཱ་བཱི། བློ་གྲོས་ཅན། ན་མ་སྭཱི། ཕྱག་བྱ་བ་ཅན་ནམ་འདུད་པ་ཅན། ཤི་ར་སྭཱི། གཙུག་ཕུད་ཅན། བ་ཙ་སྭཱི། སྨྲ་བ་ཅན། ར་ཛ་སྭཱི། སེམས་ཅན། སྲ་ཀ྄་ལ་བིན་བྱིན། ཀ་གར་བསྒྱུར། སི་བྱིན་པས། སྲ་གྦཱིཿ ཕྲེང་བ་ཅན། དེ་བཞིན། མཱ་ལཱ་བཱི། ཕྲེང་བ་ཅན། ཞེས་སོ། །བཱ་ཙ་ལགྨི་ནི་བྱིན། གི་དང་ན་ཕྱིས། ཙ་ཀ་དང་སླར་གར་བསྒྱུར། སི་བྱིན། རིང་། བཱགྨཱི། སྨྲ་བརྗོད་ཅན་ཏེ་འདི་རྣམས་ལྡན་རྐྱེན་གྱི་བྱེ་བྲག་གོ། །སྨད་པ་བརྗོད་པར་ཨཱ་ལ་དང་ཨཱ་ཊ་བྱིན། བཱ་ཙཱ་ལཿ ངག་ངན་པ། བཱ་ཙ་ཊཿ ངག་སྨད་པ། ཡ་ཤས་ལ་ཨཱ་ལ་བྱིན་པས། ཡ་ཤ་སྭ་ལ། གྲགས་པ་ངན་པ། མུ་ཁཱ་ལཿ དང་། མུ་ཁཱ་ཊཿ བཞིན་ངན། སོགས་སོ། །ཅུང་ཟད་མ་རྫོགས་པ་ལ། ཀལྤ། དང་། དེ་ཤྱ། དང་། དི་ཤཱི་ཡ་རྣམས་རྐྱེན་དུ་སྦྱར་བ། སརྦ་ཛྙ་ཀལྤཿ ཅུང་ཟད་མ་རྫོགས་པའི་ཐམས་ཅད་མཁྱེན་པའམ་ཕལ་ཆེར་ཀུན་ཤེས། པ་ཊུལྤཿ ཅུང་དམན་པའི་གྲུང་པོའམ་གསལ་བའམ་ཤས་ཆེར་གྲུང་པོའོ། །འདི་ལ་གྲུང་པོའི་རྟོགས་པ་ལྟ་བུར་གོ་བར་མི་བྱ་སྟེ་འདི་རྟོག་པའི་མིང་གི་རྣམ་ཀལྤ་མིན་ཏེ་ཅུང་ཟད་རྐྱེན་ཡིན་པ་དེ་བཞིན་འོག་མར་འགྲེ། ཁ་ཅིག་གིས་གསལ་བའམ་གྲུང་པོ་ཙམ་ཟེར་ཀྱང་དེ་འདྲའི་ཙམ་སྒྲ་ནི་གྲུང་པོར་གཏོགས་པའམ་དེའི་གྲངས་སུ་ཚུད་ཙམ་ལས་གྲུང་པོའི་ཡོན་ཏན་ཆེར་མ་རྫོགས་པར་གོ་ལ་འདི་ནི་ཅུང་མ་རྫོགས་པའི་དམན་པའི་དོན་དུ་བཤད་པས་སོ། །པ་ཊ་དེ་ཤྱཿ འང་། པ་ཊུ་དེ་ཤྱི་ཡཿ གཉིས་ཀྱང་གོང་གི་ཀལྤ་སྦྱར་བ་དང་དོན་འདྲའོ། །ཀ་པི་དེ་ཤཱི་ཡཿ ཤས་ཆེར་སྙན་ངག་མཁན། པཱ་ཎི་པ་ལས་སུཔ྄་མཐའ་ཅན་གྱི་ཐོག་མར་བ་ཧུ་ཙ྄་སྦྱར་ཙ་ཨུཏྟའི་དོན་ཏེ་དབྱི། བ་ཧུ་པ་ཊུཿ ཤས་ཆེར་ཕལ་ཆེར་གྲུང་བ། ཞེས་སོ། །སྔར་བྱུང་བ་ལ་ཙར་སོགས་འཇུག་སྟེ། སུ་ཀུ་མཱ་ར་ཙ་རཿ ཤིན་ཏུ་གཞོན་པར་གྱུར་བ་སོགས་སོ། །བསྔགས་པ་ལ་རྐྱེན་ཏཱུ་པ་བྱིན་པ། བཻ་ཡཱ་ཀ་ར་ཎ་རཱུ་བཿ ཆེས་བརྡ་སྤྲོད་པ། བྷ་བ་ན་རཱུ་པཿ ཆེས་བསྒོམ་པ། ཙཽ་ར་རཱུ་པཿ ཆེས་རྐུན་མའམ་རྐུན་ཆེན་པའམ་རྐུན་མ་མཆོག་གོ། །སྨད་པ་ལ་པཱ་ཤ་སྦྱར་བ། བཻ་ཡཱ་ཀ་ར་ཎ་པཱ་ཤཿ བརྡ་སྤྲོད་ཞན་པའམ་བརྡ་སྤྲོད་ཤེས་ཁུལ་ཅན་ནམ་བརྡ་སྤྲོད་པའི་རྣམ་པ་ཙམ། ཀ་བི་པཱ་ཤཿ སྙན་ངག་པ་དམན་པའམ་སྙན་ངག་ཤེས་ཁུལ་ཅན། བྷ་བ་པཱ་ཤཿ སྒོམ་ཤེས་ཁུལ་ཅན་ནམ་སྒོམ་ལོ་ཐེར་བ་ལྟ་བུ། ར་ཛ་པཱ་ཤཿ རྒྱལ་པོ་ཡིན་ཅན་ནམ་རྒྱལ་པོ་འདྲ་མོ། ཤཱུ་ར་པཱ་ཤཿ དཔའ་བོ་ཡིན་ཁུལ་ཅན་ནམ་དཔའ་མདོག་པ་སོགས་སོ། །སྔར་བྱུང་བ་ལ་ཙ་ར་ཊ྄་རྐྱེན་ཏེ་ཊ་རྗེས་འབྲེལ་ཡིན་པས་ཕྱིས། དྲྀཥྚ་ཙ་རཿ སྔར་མཐོང་བ། པཱུརྦ་ཙ་རཿ སྔར་བྱུང་བ་སོགས་སོ།།
རྣམ་འགྱུར་གཙོ་བོ་སོགས་ཀྱི་དོན་ལ་མ་ཡཊ྄་རྐྱེན་དུ་བྱིན་ནས། ཊ་ཕྱིས། སི་བྱིན། ཚིག་གྲོགས་ཡཛྙ་བཞག་པ། ཨནྣ་མ་ཡོ་ཡཛྙ། ཟས་ཀྱི་རྣམ་འགྱུར་གྱི་མཆོད་སྦྱིན། དེ་བཞིན་སྨྲྀཏ྄་ལ་མ་ཡཊ྄། ཉ་མ་སོགས་ཀྱིས་ཏ་ན་ར་བསྒྱུར། སི། མནྨ་ཡོ། སའི་རྣམ་འགྱུར། སྟྲི་མ་ཡོ། བུད་མེད་ཀྱི་རྣམ་འགྱུར་རམ་གཙོ་བོ་སོགས་སོ། །སོགས་ཁོང་ནས་རང་བཞིན་ལ་ཡང་འཇུག་སྟེ། ཨ་སྨྲྀཏ་མ་ཡོ། བདུད་རྩིའི་རང་བཞིན། དེ་ཀློང་པ་དང་དེ་རིག་པའི་དོན་ལ་ཨཎ྄་བྱིན་པ་དཔེར་ན། བྱཱ་ཀ་ར་ཎ། ལ་ཨན྄་བྱིན་ཚེ། ཎ་འགྲོ་བ་ཡིན་ཡང་མཚམས་སྦྱོར་བ་ལ་བྱུང་བའི་ཡ་དང་བདག་གི་དབྱངས་འཕེལ་བར་མི་འགྱུར་བས། འདིའི་བ་དང་ཡ་ཕྲལ་ཏེ། བ་གོང་དུ་བཞག ཡཱ་རྗེས་སུ་བཀོད། དེའི་བར་དུ་ཨིཊ྄་ཨཱ་ག་མ་བྱིན། ཊ་ཕྱིས་ཏེ་དྲངས་པས། བི་ཡཱ། ཉྞིཏ྄་འགྲོ་བས་འཕེལ། བཻ་ཡཱ་ཀ་ར་ཎཿ སི་བྱིན་པའོ། །བརྡ་སྤྲོད་རིག་པའམ་བརྡ་སྤྲོད་ཤེས་པ་ཞེས་སོ། །དེ་བཞིན། སུ་ཨ་ཤྭ། མཚམས་སྦྱོར་བའི། སྭ་ཤྭ་ལ་ཨཎ་བྱིན་ནས་སྔ་མ་ལྟར་ལ་ཨུཊ྄་བྱིན། དྲངས་རྣམ་བཅད་བྱིན་པས། སཽ་བ་ཤྭ་ཡཿ རྟ་མཆོག་ལེགས་པར་ཤེས། སྐྱེས་པའི་དོན་ལ་ཨི་ཏ་རྐྱེན་དུ་བྱིན་པས། ལཛྫི་ཏཿ ངོ་ཚ་སྐྱེས། ཏྲྀ་པི་ཏཿ ཚིམ་པ་སྐྱེས། ཀྵུ་དྷི་ཏཿ བཀྲེས་པ་སྐྱེས། ད་མི་ཏཿ དགའ་བ་སྐྱེས། གཉིས་དང་མང་པོ་ལས་ཕུལ་བྱུང་དང་། ཤིན་ཏུའི་དོན་ལ། ཏ་ར་དང་ཏ་མ་དང་། ཨཱི་ཡ་སུ་དང་། ཨིཥྞ་རྣམས་རྐྱེན་དུ་འགྱུར་ཏེ། ཀྲྀཥྞ་ཏ་རཿ ཤིན་ཏུ་ནག་པ། ཤུ་ཀླ་ཏ་མཿ ཤིན་ཏུ་དཀར་བ། པ་ཊུ་ལ་དེ་གཉིས་སྦྱར་བས། ཆེས་གྲུང་བའམ་སྒྲིན་པའམ་སྦྱང་བ། པ་ཙ་ཀ་ཏ་རཿ དང་། པ་ཙ་ཀ་ཏ་མ། ཚོས་པའམ་སྨིན་པའི་ཕུལ་བྱུང་། ཞེས་སོགས་སོ། །ལ་གྷུ་ལ་ཨི་ཡ་སུ་བྱིན། སུའི་ཨུ་ནུམ྄་དོན་ཏེ་ཕྱིས། ཨི་ཡ་སུ་དང་། ཨིཥྛ་དག་ཌྀཏ྄་དུ་བརྗོད་པས་ཝི་སྟེ་སྔོན་མའི་དབྱངས་དབྱི་ས་སོགས་ཀྱི་བྱ་བ་སྦྱར་བས། ལ་གྷཱིཡཱན྄། ཤིན་ཏུ་ཡང་བ། པཱ་པཱི་ཡཱ་ན྄། ཆེས་སྡིག་པ། པ་ཊཱི་ཡཱ་ན྄། ཆེས་གྲུང་པོ། མོ་རྟགས་ཀྱི་ནུམ་མེད་པར་ཨཱིཔ྄་སྦྱར་བས། ལ་གྷཱི་ཡ་སཱི། ཆེས་ཡང་བ་མོ། པ་པཱི་ཡ་སཱི། ཆེས་སྡིག་པ་མོ། ཨིཥྛ་སྦྱར་ན། ལ་གྷི་ཥྛིཿ ཆེས་ཡང་བ། པ་པིཥྛཿ ཆེས་སྡིག་པ་སོགས་སོ། །འདིར་གུ་རུ་སོགས་ལ་གར་སོགས་སུ་བསྒྱུར། ཊི་མི་དབྱིབས། ག་རཱ་ཡཱ་ན། ག་རིཥྛཿ ཤིན་ཏུ་ལྕི་བ། སོགས་རྐྱེན་དེ་གཉིས་པྲི་ཡ་དང་། སྠུ། སོགས་ལ་འཕྲད་ཚེ་རྣམ་འགྱུར་མི་འདྲ་བ་གཞན་ཡོད་དོ། །ཚད་ཀྱི་དོན་ལ་ད་གྷྣ་དང་མ་ཏྲ་དང་དྭ་ཡ་ས་རྣམས་རྐྱེན་དུ་འགྱུར་ཏེ། སིའི་ཨམ་བྱིན་པས། ཛཱ་ནུ་དགྷྣི་ཛ་ལཾ། ཆུ་པུས་མོ་ནུབ་ཙམ། པུ་རུ་ཥ་མ་ཏྲཾ་བྲྀཀྵ། སྐྱེས་བུ་དང་མཉམ་པའི་ཤིང་། ཤི་རོ་ད་ཡ་སཾ་དནྜ། མགོ་བོའི་ཚད་མཉམ་དབྱུག་པ། ཀི་མ་ལ་ཌ་ཏ་ར་དང་། ཌ་ཏ་མ་སྦྱར་ན། ཊ་འགྲོ་བས་ཊི་ཕྱིས། ཀ་ཏ་ར། སུ་ཞིག ཀ་ཏ་མ། སུ་ཞིག་སྟེ་འདི་གཉིས་སམ་མང་པོ་ལས་གཅིག་དགར་བའི་དོན་དུ་བཤད་དེ། ཀ་ཏ་རོ་བྷ་བ་ཏོ་ཀ་ཎཿ ཁྱེད་དག་ལས་ཀ་ཎ་སུ་ཞིག །ཀ་ཏ་མོ་བྷ་བ་ཏཾ་ཏཱནྟྲི་ཀཿ ཁྱོད་རྣམས་ལས་སྔགས་མཁན་སུ་ཡིན་ལྟ་བུ་ཞེས་བཤད། བགྲང་བྱའི་ཁྱད་པར་ལ་ཏཱི་ཡཿ སོགས་རྐྱེན་སོ་སོ་འཇུག་སྟེ། གཉིས་དང་གསུམ་ལ། དྭི་ཏཱི་ཡཿ གཉིས་པ། ཏྲྀ་ཏཱི་ཡཿ གསུམ་པ་སྟེ་ཨི་རི་བྱས་པའོ།།
དེ་དག་བུད་མེད་ལ་འཇུག་ན་ཨཔ྄་སྦྱར་བས། དྭི་ཏཱི་ཡཱ། གཉིས་མ་སོགས་སོ། །བཞི་དྲུག་ལ་ཐ་སྟེ། ཥཥྛཿ ཙ་དུརྠ། ཞེས་དྲུག་པ་བཞི་པ་ཞེས་ཐམས་ཅད་དུ་དེ་བཞིན་ནོ། །ལྔ་བདུན་བརྒྱད་དང་དགུ་བཅུ་ལ་མ་སྟེ། མིང་མཐའི་ན་ཕྱིས་མ་སྦྱར་བས། པཉྩ་མཿ སོགས་སོ། །བཅུ་གཅིག་ལ་སོགས་པའི་དོན་ལ་ཊ་སྟེ་ཊ་འགྲོ་བས་ཊི་དབྱི་དྲངས། ཨེ་ཀ་ད་ཤཿ བཅུ་གཅིག་པ་སོགས་བཅུ་དགུའི་བར་དུ་འདྲའོ། །ཉི་ཤུ་སོགས་ལ་ཡང་ན་ཌ་ཏི་དང་ཏ་མཊ྄་འོ། །ཌ་ཕྱིས། ཊི་དབྱི། བ་ཤ་ཏིཿ ཉི་ཤུ་ཐམ་པ། ཡང་ན་དེ་ལ་ཏ་མ་སྦྱར་བས། བ་ཤ་ཏི་ཏ་མཿ ཉི་ཤུ་ཁོ་ནའམ་ཐམ་པ། ཡང་ན་ཌ་བྱིན། ཊི་དབྱི། བ་ཤཿ སུམ་ཅུའང་ཉི་ཤུ་བཞིན་ཏེ། བརྒྱ་སྟོང་སོགས་ལ་རྟག་ཏུ་ཏ་མའོ། །ཤ་ཏ་ཏ་མཿ བརྒྱ་ཐམ་པ་སོགས། གྲངས་ཀྱི་རྣམ་པ་ལ་དྷཱ་སྟེ། དྭི་དྷཱ། གཉིས་ཀྱི་རྣམ་པ། ཏྲི་དྷཱ། གསུམ་གྱི་རྣམ་པ། ཙ་ཏུརྡྷཱ། བཞི་ཡི་རྣམ་པ་སོགས་སོ། །བྱ་བའི་ལས་ཡང་བསྐྱར་ལ། ཀྲྀ་ཏས྄། པཉྩ་ཀྲྀ་ཏྭཿ ལན་ལྔ་རྣམས། ཥཏྐྲྀ་ཏྭཿ ལན་དྲུག་སོགས། དེ་བཞིན་གཞན་ཡང་། དྭི་དང་ཏྲི་ལ་སུ་བྱིན་ཨུ་ཕྱིས་སར་རྣམ་བཅད་ཨུཀྟ་དང་སྦྱར་བས། དྭི་རུཀྟཾ། ལན་གཉིས་བརྗོད། ཏྲི་རུཀྟཾ། ལན་གསུམ་བརྗོད། དྭི῝བ་ཐི་ཏཾ། ལན་གཉིས་ཀློག །ཏྲིཀྤ་ཐི་ཏཾ། ལན་གསུམ་ཀློག །ལན་མང་པོ་ཞེས་པར་བ་ཧུ་ལ་ཤས྄་བྱིན་པས། བ་ཧུ་ཤཿ རང་བཞིན་གྱི་དོན་ལམ་ཡ་ཊ྄་རྐྱེན་ཏེ་ཊ་ཕྱིས་མ་ནིང་ལྟར་བསྒྲུབས་པས། ཨནྣ་མ་ཡཾ། ཟན་གྱི་རང་བཞིན་སོགས་སོ། །རྐྱེན་ཐ་བྱིན་པས། ཀ་ཏི་ཐཿ དང་། ཀ་ཏི་པ་ཡ་ཐཿ ཇི་ཙམ་བྱུང་། དི་ཕན་གྱི་རྐྱེན་ཀ་ཊ་ཙ྄་བྱིན་ཙ་དབྱི་བ། ཨུཏྐ་ཊ། གཙིགས་པ། སཾ་ཀ་ཊ། ཁང་པ་སོགས་དོག་པོ། པྲ་ཀ་ཊ། གསལ་བའམ་རབ་གསལ། ནི་ཀ་ཊ། ཉེ་བ་སོགས། བི་ཀ་ཊ། མཛེས་པ་རྒྱ་ཆེ་འཇིགས་རུང་རྣམས་ལ་འཇུག །ཨ་བ་ཀ་ཊ། དམའ་བའམ་དམན་པའོ། །གཞན་ཡང་རྐྱེན་གྱི་དབང་གིས་ཀ་བདག་སྒྲའི་དོན་དུ་སོང་བ། ས་དྷ་ཀཿ སྒྲུབ་པ་པོ། ཏཱ་ར་ཀཿ སྒྲོལ་བ་སོགས་དང་། བི་བྷཱ་ཥི་ཀཿ བྱེ་རུ་སྨྲ་བ། སཽ་ཏྲཱནྟི་ཀཿ མདོ་སྡེ་པ། མཱ་དྷྱཱ་མི་ཀཿ དབུ་མ་པ་ལ་སོགས་པ་བཞིན་ནོ། །ཌཱ་དྲ་ཉ྄་སྦྱིན་པའི་བྱིངས་ལ་ཌ་རྐྱེན་བྱིན་པས། ད་ཞེས་པ་དང་སྦྱར་ན། གོ་དཿ བ་ལང་སྦྱིན། དྷ་ན་དཿ ནོར་སྦྱིན། བ་ར་དཿ མཆོག་སྦྱིན་ཏ་ད་ཡིག་སྦྱིན་པའི་དོན་དུ་སོང་བ་དང་། དེ་བཞིན། དྭི་པཿ གཉིས་འཐུང་། བཱ་ད་པཿ རྐང་འཐུང་ལ་སོགས་པ་དང་། ན་ག་དང་། ཨ་ག། འགྲོ་མེད། སརྦ་གཿ ཀུན་འགྲོ། ལ་སོགས་འདི་འདྲའི་རིགས་ཅན་གྱི་སྒྲ་དུ་མ་ཡོད་པ་ཤེས་པར་བྱའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།