ནམ་མཁའི་ལྷ་མོར་སྤྲིངས་པའི་འཕྲིན་ཡིག

ལོ་རིམ་བདུན་པའི་སློབ་གཉེར་བ། པདྨ་རྒྱ་མཚོ།

དགུང་གི་དཀར་གསལ་ཟླ་བ།།
མི་འགྱུར་བརྟན་པར་བཞུགས་དང་།།
ས་མཐའི་ཀུ་མུད་དཀར་པོ།།
འཚོ་བ་ཁྱེད་ཀྱི་བཀའ་དྲིན།།

ན་ཆུང་ཁྱེད་ཀྱི་ཞལ་རས།།
མེ་ཏོག་པདྨས་བརྒྱན་འདྲ།།
སྦྲང་རྩིའི་དྲི་བསུང་འཐུལ་ནས།།
བུང་བ་དབང་མེད་བསྡུས་སོང་།།

སྐད་ཅིག་མི་སྡོད་ཁྱོད་ཀྱི།།
བཞིན་དང་ལུས་ཀྱི་རྣམ་འགྱུར།།
མིག་གི་ལམ་དུ་འཆར་དུས།།
ཡིད་ལ་དགའ་མཆོག་ཐོབ་བྱུང་།།

འཁོར་བའི་སྡུག་བསྔལ་སེལ་བའི།།
ཁྱོད་ནི་སྨན་གྱི་ལྗོན་པ།།
དགའ་སྐྱིད་གླིང་ལ་བསྐྱོད་པའི།།
གྲོགས་མཆོག་བདེ་བའི་གྲུ་གཟིངས།།

བསིལ་ཟེར་སྦྱིན་པའི་དུང་ཟླ།།
སྐུ་གཟུགས་ཐུགས་བཅག་གནང་རོགས།།
ལོ་གསུམ་ལོ་བཞིའི་རྗེས་སུ།།
ལུས་ངག་ཡིད་གསུམ་འབུལ་ཆོག།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།