འཚོ་བའི་ཁྲོད་ཀྱི་ལེགས་འགྲུབ་ནི་གལ་ཆེན་ཞིག་མ་ཡིན་ནམ། « IS SUCCESS NOT IMPORTANT IN LIFE »

ལོ་རིམ་བདུན་པའི་སློབ་གཉེར་བ། ཉི་མ་རྡོ་རྗེ།

དང་པོ། ངོ་སྤྲོད།

ལེགས་འགྲུབ་བྱུང་བ་ནི་ང་ཚོའི་འཚོ་བར་དོན་སྙིང་ལྡན་པ་ཞིག་རེད་ལ། དེ་ནི་མི་ཞིག་གིས་ཡར་འཛེག་འདོད་པའི་ཐེམ་སྐས་ཀྱི་གོ་རིམ་ལྟ་བུ་ཞིག་རེད། ང་ཚོས་གནའ་སྔ་མོ་ནས་སྦྲུལ་སྐས་ལ་རྩེད་མོ་བརྩེས་པ་ཡིན། ཐེངས་དེའི་འགྲན་སྡུར་ཁྲོད་དུ་ང་ཚོར་སྦྲུལ་གྱིས་ཐེངས་མང་པོར་སོ་བཏབ་པ་དང་། ལྷག་པར་དུ་དམིགས་འབེན་གྱི་ཕྱོགས་སུ་སླེབས་པའི་དུས་སུ་ལེགས་འགྲུབ་བྱུང་བའི་གཏམ་རྒྱུད་ཀྱང་དེ་ལྟར་ཡིན། ལེགས་འགྲུབ་བྱུང་བའི་སྐས་རིམ་ལ་འགྲན་སེམས་ཀྱིས་ཁེངས་ཡོད་པས། ང་ཚོས་ངེས་པར་དུ་འགྲན་སེམས་འདི་དག་ལ་ཁ་གཏད་གཅོག་པ་དང་དཀའ་ངལ་ཁྱད་བསད་བྱས་ན་ད་གཟོད་ང་ཚོའི་འཚོ་བའི་ཁྲོད་དུ་ལེགས་འགྲུབ་འབྱུང་ཐུབ།

གཉིས་པ།  ཅི་ཞིག་ལས་ལེགས་འགྲུབ་བྱུང་བ་ཡིན།

ལེགས་འགྲུབ་བྱུང་བ་ནི་དབྱངས་གསལ་ཡི་གེ་བཅུ་བཞི་ལས་གྲུབ་པ་ལྟ་བུ་ཞིག་ཡིན། མིང་ཚིག་དེ་སྦྱོར་ཀློག་རྒྱག་ཡ་ལ་ཧ་ཅང་ལས་སླ་པོ་ཞིག་ཡིན་ན་ཡང་དོན་དངོས་ཐོག་བསྒྲུབ་རྒྱུ་དེ་ལ་ཚེགས་ཆེན་པོ་རྒྱག་དགོས། འཇིག་རྟེན་སྟེང་གི་མི་ཚང་མར་འཚར་ལོངས་བྱུང་རྗེས་སོ་སོའི་འཚོ་བའི་ཁྲོད་དུ་རེ་འདུན་དང་ཕུགས་བསམ་དང་དམིགས་ཡུལ་བཅས་ཡོད། འཚོ་བའི་ཁྲོད་དུ་དེ་ལྟར་ཡོད་པ་ཧ་ཅང་བཟང་མོད། འོན་ཀྱང་ང་ཚོས་ཕུགས་འདུན་མངོན་གྱུར་ཐུབ་པའི་དུས་གཅིག་པོ་ལ་ལེགས་འགྲུབ་བྱུང་བ་ཡིན་ཞེས་འདོད། ལེགས་འགྲུབ་བྱུང་བ་ནི་ང་ཚོའི་མི་ཚེའི་ནང་གི་དམིགས་འབེན་མངོན་གྱུར་དུ་མཐར་འཁྱོལ་བྱུང་བའི་དོན་ཞིག་ལ་ངོས་འཛིན་བྱ་དགོས། དེ་ནི་ང་ཚོའི་ཞེ་འདོད་ལ་གང་ཡོད་པ་དེ་ཐོབ་པའི་དོན་ཡིན། ལེགས་འགྲུབ་བྱུང་བའི་དོན་ངོ་མ་ནི་བྱ་བ་བཟང་པོ་བསྒྲུབས་པ་ལས་མ་གཏོགས་བྱ་བ་ངན་པའི་ཁྲོད་དུ་ལེགས་འགྲུབ་བྱུང་མེད།

ང་ཚོས་དཀའ་སྤྱད་འབད་བརྩོན་དང་དུས་ཚོད་ལ་མཐོང་ཆེན་བྱས་ནས་ཕུགས་འདུན་མངོན་གྱུར་ཡོང་བར་བྱ་དགོས། ལེགས་འགྲུབ་བྱུང་བ་ནི་ཐོབ་འོས་པའི་མི་ཁོ་ནར་མ་གཏོགས་འཐོབ་མི་ཐུབ། ཁོང་ཚོ་ནི་འབད་བརྩོན་དང་སེམས་ཤུགས་ལ་བརྟེན་ནས་ལས་ཀ་བྱས་ཏེ་མི་ཚེའི་དམིགས་ཡུལ་དང་ཕུགས་འདུན་མངོན་དུ་གྱུར་པའི་མི་ཡིན། ཕམ་ཁ་ནི་ལེགས་འགྲུབ་བྱུང་བའི་ཆ་ཤས་ཤིག་ཡིན། ང་ཚོ་ཕམ་ཁ་ལ་ཡིད་མུག་ནའང་ངེས་པར་དུ་དེའི་ཁྲོད་ནས་བསླབ་བྱ་སྡུད་ལེན་བྱ་དགོས། དེས་ང་ཚོའི་རང་ཉིད་ཀྱི་ནོར་འཁྲུལ་ཤེས་རྟོགས་བྱེད་པར་རོགས་རམ་བྱེད་སྲིད། ལེགས་འགྲུབ་བྱུང་བའི་དོན་སྙིང་ནི་མི་ཚང་མའི་ངོས་ནས་བཤད་ན་མི་འདྲ་བ་རེ་ཡོད་དེ། མི་ག་གེ་མོ་ཞིག་ལ་མཚོན་ན་གོ་གནས་བཟང་པོ་དང་རྒྱུ་ནོར་བཟང་པོ་སོགས་ཐོབ་པ་འདི་རེད། ངའི་བསམ་ཚུལ་ལྟར་ན་ལེགས་འགྲུབ་བྱུང་བ་ངོ་མ་ནི་ཁྱོད་རང་དགའ་ཞིང་སྒྲུབ་འདོད་པའི་བྱ་བར་ཐུག་ཡོད།  བྱ་བ་དེ་ལེགས་འགྲུབ་བྱུང་ན་ཁྱོད་ལ་སྤྲོ་སྣང་དང་ཡིད་ཚིམ་དུ་འཇུག་སྲིད། དཔེར་ན་ཞབས་བྲོ་འཁྲབ་པ་དང་། གླུ་ལེན་པ། སློབ་སྦྱོང་། ལུས་རྩལ་ལ་སོགས་པ་ལྟ་བུའོ།།

གསུམ་པ། ལེགས་འགྲུབ་ཡོང་བར་ཉེར་བར་མཁོ་བའི་རྒྱུ་རྐྱེན།

 དམིགས་འབེན་ཐག་གཅོད་བྱེད་པ་སྟེ་ང་ཚོར་ངེས་པར་དུ་ང་ཚོའི་མི་ཚེ་ལ་དམིགས་ཡུལ་ཡོད་དགོས། དམིགས་ཡུལ་མེད་པའི་འཚོ་བར་རིན་ཐང་གང་ཡང་མེད། ང་ཚོའི་མི་ཚེའི་དམིགས་ཡུལ་ཞིག་གིས་ང་ཚོར་བློ་རྩེ་གཅིག་སྒྲིམ་གྱིས་དེ་དང་འདྲ་བའི་བྱ་བ་ལེགས་འགྲུབ་བྱེད་པར་བསམ་བློ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད།

 དུས་ཚོད་དོ་དམ་དེ་ནི་འཚོ་བའི་ཁྲོད་དུ་ལེགས་འགྲུབ་འབྱུང་བར་མཁོ་བའི་ཆེས་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ཡིན། བོར་བརླག་ཏུ་སོང་བའམ་འདས་ཟིན་པའི་དུས་ཚོད་ནི་ནམ་ཡང་ཕྱིར་འཐེན་མི་ཐུབ་ལ། འཇིག་རྟེན་འདིའི་སྟེང་གི་བྱ་བ་ཐམས་ཅད་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་བསྒྲུབ་དགོས་པ་རེད། དེར་བརྟེན་ང་ཚོས་ངེས་པར་དུ་དུས་ཚོད་ནི་གལ་ཆེན་རང་བཞིན་དུ་ཤེས་རྟོགས་བྱས་ནས་དེ་དང་བསྟུན་ཏེ་ལས་ཀ་བྱས་ན་གཞི་ནས་བདེ་སྐྱིད་དང་ལེགས་འགྲུབ་བྱུང་བའི་འཚོ་བ་མྱོང་ཐུབ།

སེམས་ཤུགས། འཇིག་རྟེན་འདིའི་སྟེང་གི་མི་ཚང་མར་སེམས་ཤུགས་ཡོད་དགོས་པ་སྟེ། དེས་ང་ཚོའི་མི་ཚེའི་དམིགས་འབེན་མངོན་གྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེས་ང་ཚོར་སྙིང་སྟོབས་ཀྱི་མེ་སྟག་ཅིག་སྤར་ནས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཆེན་པོ་སྤྲོད་ཀྱིན་ཡོད། དེ་ལ་བརྟེན་ནས་ལས་ཀ་དགེ་མཚན་དང་ལྡན་པར་བྱ་ཐུབ།

 ལེགས་འགྲུབ་བྱུང་བའི་བརྒྱུད་རིམ་ནང་དཀའ་སྤྱད་འབད་བརྩོན་དང་སེམས་ཤུགས་ལས་ལྷག་པའི་མཐུན་རྐྱེན་གཞན་མེད། འཇིག་རྟེན་འདིར་མི་ཁ་ཤས་རླུང་རྟ་དར་བའམ་ཡང་ན་སོ་སོའི་བསོད་ནམས་ལ་བརྟེན་ནས་ལེགས་འགྲུབ་བྱུང་བ་ཡོད་ཀྱང་། དཀའ་སྤྱད་འབད་བརྩོན་དེ་ཚང་མའི་ཆེད་དུ་ལེགས་འགྲུབ་ཡོང་བ་ལ་ཆ་རྐྱེན་ཡག་ཤོས་ཤིག་ཡིན། དེ་ནི་ཁྱབ་ཁོངས་གང་ཡིན་ལ་མ་བབས་པར་ལེགས་འགྲུབ་ཡོང་བའི་འགག་རྩ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

བྱ་བ་ལེགས་འགྲུབ་བྱུང་བ་ལ་གོམ་པ་རིམ་བགྲོད་ཀྱིས་བརྒྱུད་ནས་འཐོབ་དགོས། ལེགས་འགྲུབ་བྱུང་བ་ནི་མྱུར་དུ་ཐོབ་པ་ཞིག་མིན། དམིགས་འབེན་མངོན་གྱུར་བྱེད་པར་དཀའ་སྤྱད་འབད་བརྩོན་དང་། བློས་གཏོང་གི་སྙིང་སྟོབས། སེམས་ཤུགས། བློ་བརྟན་འགྱུར་མེད། ཆོད་སེམས་བརྟན་པོ་བཅས་མང་པོ་ཡོད་དགོས། བློ་ཐག་རྦད་བཅད་ཀྱིས་དམིགས་འབེན་གྱི་རྗེས་སུ་འཇུག་པའི་མི་རྣམས་ཀྱི་ལག་ཏུ་མ་གཏོགས་ཐོབ་མི་སྲིད། ཕུགས་འདུན་ཁོ་ནར་བརྟེན་ནས་ལེགས་འགྲུབ་འབྱུང་བར་འདོད་ནས་བྱ་བ་གང་ཡང་མ་བྱས་ན་ལེགས་འགྲུབ་ཡོང་བའི་རེ་བ་བྱེད་མཁན་གྱིས་ནམ་ཡང་འབྲས་བུ་འཐོབ་མི་ཐུབ།

རྟོག་ཞིབ་པ་དང་ཉན་མཁན་བཟང་པོ་ཞིག་གིས་དུས་ཚོད་ཀྱི་གལ་ཆེན་རང་བཞིན་ལ་མཐོང་ཆེན་བྱེད་པའི་མི་ཞིག་གིས་དཀའ་སྤྱད་འབད་བརྩོན་བྱས་རྗེས་ལེགས་འགྲུབ་བྱུང་བའི་འབྲས་བུ་ཐོབ་པ་རེད། ལེགས་འགྲུབ་བྱུང་བ་ནི་བཟོད་བསྲན་བྱ་དགོས་པའི་གོམ་པ་རིམ་བགྲོད་ཀྱི་བརྒྱུད་རིམ་ཞིག་དང་། དང་པོ་ང་ཚོས་མི་ཚེའི་དམིགས་ཡུལ་ཐག་གཅོད་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་དམིགས་འབེན་དང་དུས་བཅད་ལྟར་དཀའ་སྤྱད་འབད་བརྩོན་བྱ་དགོས། དེ་ལྟར་བྱས་ན་ང་ཚོའི་འཚོ་བའི་ཁྲོད་དུ་ལེགས་འགྲུབ་དང་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་ངེས་རེད།

བཞི་པ། གྲོག་མ་ནི་ལེགས་འགྲུབ་བྱུང་བའི་མིག་དཔེ་བཟང་པོ་ཞིག་ཡིན།

ཁྱོད་ཀྱིས་གྲོག་མ་ཞིག་གིས་ཟ་མ་ཁྱེར་བ་མཐོང་མྱོང་ངམ། ཁོང་ཚོས་ཁྱེར་བའི་ཟས་རིགས་ཧ་ཅང་ལྕི་བས་ལམ་བར་དུ་ཐེངས་མང་པོར་ལྷུང་། གྲོག་མ་དེ་དག་གིས་ནམ་ཡང་བློ་ཕམ་ཡིད་ཆད་མ་བྱས་པར་ཡང་བསྐྱར་མུ་མཐུད་ནས་རྒྱུན་སྐྱོང་བྱེད་ཀྱི་ཡོད། ངས་བསམས་ན་དེ་ནི་མི་ཚེའི་ཁྲོད་གྲུབ་འབྲས་འཐོབ་པར་ཆེས་གལ་འགངས་ཆེ་བའི་དཀའ་སྤྱད་འབད་བརྩོན་གྱི་དཔེ་མཚོན་ཡག་ཤོས་ཤིག་རེད་སྙམ།

ལེགས་འགྲུབ་བྱུང་བའི་ལམ་བུ་ནི་བལྟས་ཚོད་བཞིན་ལས་སླ་མོ་ཞིག་ག་ལ་ཡིན། ང་ཚོས་ཀྱང་ཕམ་ཁ་ཁ་ཤས་ལ་ཁ་གཏད་བྱ་དགོས། ང་ཚོས་དམིགས་ཡུལ་མ་འགྲུབ་བར་དུ་གཅིག་རྗེས་གཉིས་མཐུད་བསྐྱར་དུ་ཡར་ལང་དགོས། དེ་བཞིན་དུ་སེམས་ཤུགས་ལ་བརྟེན་ནས་ང་ཚོས་དམིགས་འབེན་ལ་དོ་སྣང་ཡང་ནས་ཡང་དུ་བྱ་དགོས། ཧུར་བརྩོན་རང་བཞིན་དང་སེམས་ཤུགས་ངེས་ཅན་ཞིག་ལ་བརྟེན་ནས་ཡང་ནས་བསྐྱར་དུ་འབད་བརྩོན་བྱས་པའི་སྒྱུ་རྩལ་ནི་ང་ཚོས་སྐྱེ་དངོས་ཆུང་ཆུང་འདིའི་ཁྲོད་ནས་བསླབ་བྱ་བླངས་པ་ཡིན།

ལྔ་པ། ལེགས་འགྲུབ་བྱུང་བ་ནི་ཅི་འདྲའི་གལ་ཆེན་ཞིག་མ་ཡིན་ནམ།

ང་ཚོ་ཚང་མས་འཚོ་བའི་ཁྲོད་དུ་གྲུབ་འབྲས་འཐོབ་པར་འབད་བརྩོན་བྱེད་བཞིན་ཡོད། དམིགས་ཡུལ་མི་འདྲ་བ་ཡོད་ཀྱང་མི་ཚང་མའི་མཐར་ཐུག་གི་དམིགས་ཡུལ་ནི་ལེགས་འགྲུབ་འབྱུང་རྒྱུ་དེ་རེད། ང་ཚོའི་འཚོ་བའི་ཁྲོད་དུ་ལེགས་འགྲུབ་བྱུང་བ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། དེས་ང་ཚོའི་སྤྱི་ཚོགས་ལ་མཚན་ཉིད་དང་ཁས་ལེན་བཟང་པོ་ཐོབ་ཡོད། ལེགས་འགྲུབ་བྱུང་བ་དེས་ང་ཚོའི་འཚོ་བར་སྔར་ལས་ཡིད་ཆེས་དང་སྤོབས་པ། བདེ་སྐྱིད་ལྡན་པར་འགྱུར། ལེགས་འགྲུབ་བྱུང་བ་དེས་ང་ཚོར་ཡིད་ཚིམས་པའི་ཚོར་བ་ཆེན་པོ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད།

དེ་ནི་ང་ཚོའི་མི་ཚེའི་ནང་རེ་འདོད་དང་དགའ་ཞེན་ཐོབ་པའི་བྱ་བ་ཞིག་རེད། མི་རིགས་ཀྱི་འཚོ་གནས་ལ་མཚོན་ན་ཆེས་གལ་ཆེ་བ་ཡིན། དེས་ང་ཚོར་གོ་སྐབས་མི་འདྲ་བའི་སྒོ་མང་པོ་ཕྱེ་བ་རེད། ལེགས་འགྲུབ་བྱུང་བ་དེས་ང་ཚོའི་འཚོ་བའི་ཁྲོད་མདུན་དུ་སྐྱོད་པར་སྐུལ་མ་བཏང་བ་རེད། ང་ཚོར་སྐུལ་ལྕག་དང་སེམས་ཤུགས་མེད་ན་ང་ཚོའི་འཚོ་བ་གཏན་ནས་སྐྱེལ་མི་ཐུབ། ལེགས་འགྲུབ་བྱུང་བ་ནི་འཚོ་བར་དོན་སྙིང་ལྡན་པ་དང་སྤྲོ་སྣང་གིས་ཁེངས། དེས་ནི་ང་ཚོའི་འཚོ་བར་ཁ་ཕྱོགས་འོས་འཚམ་ཞིག་སྟེར་ཐུབ་པ་ཞིག་ཡིན། ལེགས་འགྲུབ་བྱུང་བའི་མི་ནི་སྤྱི་ཚོགས་སྟེང་གི་མི་གཞན་པའི་མིག་དཔེ་བཟང་པོ་ཞིག་ཏུ་འགྱུར་ཐུབ་པ་ཡིན།

དྲུག་པ། མཐའ་མའི་སྡོམ་ཚིག

མི་རྣམས་ཀྱིས་ང་ཚོའི་འཚོ་བའི་ཁྲོད་དུ་གྲུབ་འབྲས་འཐོབ་པའི་ཆེད་དུ་ངེས་པར་དུ་དངོས་པོ་ཁ་ཤས་བློས་གཏང་དགོས་ཞེས་ཤོད་ཀྱིན་ཡོད། ལེགས་འགྲུབ་བྱུང་བ་དེ་ཡང་ཧ་ལམ་དེ་དང་གཅིག་མཚུངས་ཡིན། ང་ཚོས་སྒྱིད་ལུག་གི་བྱ་སྤྱོད་དང་འཚོ་བ་རྒྱས་སྤྲོས་དང་ཁ་བྲལ་ནས་ལེགས་འགྲུབ་ཡོང་བར་བྱ་དགོས། འདི་ནི་ང་ཚོའི་མི་ཚེའི་ཁྲོད་དུ་ལེགས་འགྲུབ་དེ་མངོན་གྱུར་ཐུབ་པར་ལམ་གྱི་ཆ་རྐྱེན་དང་པོ་དང་བཟང་ཤོས་དེའང་ཡིན།

བསྒྱུར་གཞིའི་དྲྭ་ཚིགས།

WWW. ESSAY. COM

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།