གསལ་ཁ་མེད་པའི་སྐྱ་ཐིག

རྫོང་སར་མཐོ་སློབ། འཇིག་རྟེན།

ཉིན་ཞག་ཕྲེང་རྡོག་ཉུག་ཅིང་ལམ་ཕྲན་ཉུལ།།
སྐྱིད་སྡུག་འཚོ་བའི་ཟློས་གར་སྣ་ཚོགས་འཁྲབ།།
གསལ་ཁ་མེད་པའི་སྐྱ་ཐིག་སྐྱུང་ཙམ་ལས།།
བལ་བའི་ཕྱི་ཐག་རིང་བའི་རྗེས་མ་ཚོར།།
གྱ་གྱུར་ལམ་ཕྲན་སྐྱིད་སྣང་དོད་ན་ཡང་།།
ང་དང་ལམ་ཕྲན་བར་ལ་རྒྱང་ཐག་ཤོར།།
འཚོལ་སྙེག་ཕྱི་ཐག་རིང་ནས་རིང་དུ་བཏང་།།
རེ་འདོད་འདུན་པ་སྔར་ལས་ཐོད་བརྒལ་འགྱུར།།
ལྷམ་དང་དོར་མའི་སྒྲོ་གུ་དམ་དུ་བཅིངས།།
ཡིག་འབྲུའི་ཐེམ་སྐས་རིང་མོ་འཛེག་ལ་གྲབས།།
གོམ་ཁའི་འདེགས་འཇོག་སྔུན་ལས་མགྱོགས་སུ་བཏང་།།
འབྲུ་རིས་རྣམ་འགྱུར་ཆོ་འཕྲུལ་སྣ་ཚོགས་མཐོང་།།
ཟབ་མོའི་ལོ་རྒྱུས་བང་མཛོད་དཔྱད་ཞིབ་དཀའ།།
མནལ་ལམ་ཐུན་མཚམས་ཧད་དེ་ཡང་ཡང་དཀྲོགས།།
སྔས་མགོའི་གན་གྱི་དམ་བེར་གཡའ་དུག་ཕོག།
དྲ་མིག་གསེབ་ནས་ཐིགས་སྒྲ་ཟམ་མེད་འབྲུལ།།
ལྷིང་འཇགས་མཚན་མོར་རྣ་བའི་རྒྱ་སྒོ་རྡུང་།།
གཞེན་སྐུལ་གསང་བརྡ་ཡིན་པའི་སྣང་བ་འཆར།།
ཀུན་རྟོག་མེ་ལོང་ཡིད་གཟུགས་རིང་ནས་སྙེང་།།
དབུགས་ཀྱི་སྲང་ཐག་རྒྱུན་འཁྱོངས་དཀའ་བར་དོགས།།
རང་གིས་རང་ལ་གཞེན་པའི་ཐ་ཚིག་བཞག།
དེ་ཡང་རང་ལ་གདམས་པའི་མྱོང་རྟོགས་ཚོམས།།

༠༣/༡༠/༢༠༢༣

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།