༤༣༽ སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

་་་་་་་་་་་་་་་་འདོན་ཐེངས་སྔ་མའི་འཕྲོ།

ནིནྡ་ཏི། སྨོད་པ། བི་ཌམྦ་ཡ་ཏི། ཅོ་འདྲི་བ། སཾ་རུནྡྷེ། འགོག་པ། ཧ་ས་ཏི། དགོད་པ། ཨིརྵཡ་ཨི་ཏི། ཕྲག་དོག་པ། ཨ་སཱུ་ཡ་ཏི། མི་བཟོད་པ། ཏ་སྱ་མུཥྞཱ་ཏི་སཽ་བྷཱ་གྱཾ། །དེ་ཡི་སྐལ་བཟང་འཕྲོག་བྱེད་དང་། །ཏ་སྱ་ཀཱནྟ་བི་ལུམྦ་ཏི། །དེ་ཡི་མཛེས་པ་ཟུམ་བྱེད་དང་། །དེ་དང་འགྲན་ལས་ཚར་གཅོད་པ། །ཏུ་ལཱནྟེ་ནཱ་དྷི་རོ་ཧ་ཏིི། །དེ་དང་མཚུངས་ལས་ལྷག་པར་མཛེས། །ཏཏྤ་ད་བྱཱཾ་པ་དཾ་དྷ་ཏྟེ། །དེ་ཡི་རྗེས་སུ་རྐང་འཇོག་དང་། །ཏ་སྱ་ཀཱ་ཀྵཱ་མྦི་གཱ་ཧ་ཏེ། །དེ་ཡི་ནུས་པ་ལ་འཇུག་དང་། །ཏ་མ་ནྭེ་ཏྱ་ནུ་བདྷནཱ་ཏི། །དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་། །ཏཙྪཱི་ལནྟནྣི་ཥེ་དྷ་ཏེ། །དེ་ཡི་ངང་ཚུལ་དེ་འགོག་དང་། །ཏ་སྱ་ཙཱ་ནུ་ཀ་རོ་ཏཱི་ཏི། །དེ་ཡི་རྗེས་སུ་བྱེད་ཅེས་པའི། །ཤབྡཱཿསཱ་དྲི་ཤྱ་སཱུ་ཙི་ནཿསྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། །ཅེས་སྙན་ངག་མེ་ལོང་ལས་གསུངས་སོ།།

མཚུངས་པ་གསལ་བྱེད་ཀྱི་སྒྲ་དྲུག་ཅུ་རྩ་ལྔ་ཞེས་བོད་འགྲེལ་རྣམས་སུ་འབྱུང་། བཞིན་ལྟར་སོགས་མཚུངས་སྒྲ་དངོས། གཞན་ཁྱོད་གདོང་ཟླ་བའི་མདངས་ལས་རྒྱལ། ཞེས་དང་། ཟླ་བར་འགྲན་ཞེས། ཟླ་བའི་མདངས་ལ་འཁུ་ཞེས་སོགས་ཚིག་སྦྱར་བས་དོན་གྱིས་འདྲ་བར་རྟོགས་པར་བྱེད་དོ། །སྙན་ངག་གི་གཞུང་ལས་འདི་ཙམ་ལས་མ་གསུངས་ཀྱང་། འདིས་མཚོན་ནས་ཚིག་གི་རྣམ་འགྱུར་ལ་འདྲ་དོན་གསལ་བྱེད་དུ་མ་ཡོད་དེ། བྷུ་ཏཿ གྱུར་པ། པྲ་ཏི་ཀཱ་ཤ སོ་སོར་གསལ། སོགས་ཆེས་མང་པོ་ཡོད་པར་ཤེས་སོ། །དེ་ལ་གྱུར་པ་ནི། ཁྱོད་གདོང་ཟླ་བའི་བཞིན་དུ་འགྱུར་པ་ཡིས། ཞེས་པ་ལྟ་བུ་དང་། གཞན། པི་ཏྲི་ནི་བྷཿཔུ་ཏྲ། ཕ་དང་འདྲ་བའི་བུ། ཞེས་དང་། དེ་བཞིན་ནི་བྷཿལ་འདྲ་བའི་སྒྲར་བཟུང་ནས། མ་དང་འདྲ་བའི་བུ་མོ། ལྷ་དང་མཚུངས་པའི་བུ་ཚ། ཞེས་དང་། པི་ཏྲཀལྤཿ ཕ་འདྲ་བ། མཱ་ཏྲ་ཀལྤཿ མ་འདྲ་བ་སོགས་ཀྱིས་མཚོན་ནས་གཞན་རྣམས་ལའང་ཤེས་པར་བྱ་བ་འཆི་མེད་མཛོད་འགྲེལ་ལས་གསུངས་སོ། །དཔེ་རྒྱན་སོགས་ཀྱི་ནང་གི་བྱེ་བྲག་རྒྱན་སོ་སོའི་མིང་རྣམས་མེ་ལོང་མའི་སྐད་གཉིས་ཤན་སྦྱར་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་བཀའ་འབུམ་དུ་བཞུགས་པ་སོགས་རྒྱ་དཔེ་ལས་རྟོགས་པར་བྱའོ། །སྤྱིར་འཇམ་སྡུད་བཟང་གསུམ། སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་བོད་དུ་རྒྱ་དཔེའི་སྐད་དོད་ཡོད་པ་རྣམས་ལ་དཔྱད་ན། མིང་ཕལ་མོ་ཆེ་དང་། ཚིགས་བཅད་ཀྱི་འགྲོ་ལུགས། སྡེབ་སྦྱོར་བསྒྲིག་པ་སོགས་ལ་ཉམས་ལོན་པས་ཤིན་ཏུ་གལ་ཆེའོ། །ཨརྠྭ་ལཾ་ཀ་རཿ དོན་རྒྱན་ཞེས་སོ། །མེ་ལོང་མའི་ལེའུ་ཐ་མར། ཤཔྡྭ་ལཾ་ཀ་རཿ སྒྲ་རྒྱན་དང་། སུ་ཀ་རཿ མརྒཿ དུཥྐ་རཿ བྱ་སླ་བ་དང་། དཀའ་བའི་ལམ་དང་། པྲ་ཧེ་ལི་ཀྭཿ གབ་ཚིག་གི་དཔེ་བཅུ་དྲུག་དང་། དོན་ཉམས་དོན་གསལ་སོགས་སྐྱོན་བཅུ་སྤང་བ་རྣམས་བསྟན་པ་ལས། དང་པོ་སྒྲ་རྒྱན། ཡ་མ་ཀ ཟུང་ལྡན། ཞེས་པ་ཡི་གེའི་ཚོགས་པ་སླར་ཡང་བཟླས་ཏེ་བསྐོར་བ།

མུ་འགོད།………

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།