ལོ་རིམ་བརྒྱད་པའི་སློབ་གཉེར་བ། པདྨ་རྒྱ་མཚོ།
སྔོ་ལྗང་སྤང་དང་ལྗོན་པ་མཁའ་ལ་འཕྱོ།།
ཀྱག་ཀྱོག་ལམ་ནི་ཁ་བཏགས་སར་ལྷུང་འདྲ།།
སྙན་པའི་བྱ་སྐད་ཡིད་ཀྱི་གདུང་བ་སེལ།།
ཡུལ་ལྗོངས་འདི་ནི་སུམ་རྩེན་གྲོང་ལ་འཁུ།།
རི་བོའི་རྩེ་མོ་གངས་ཀྱི་རྒྱན་ཆས་བསྐོར།།
ཆུ་ཀླུང་མཚོ་མོ་མཐའ་དབུས་མེད་པར་གྲམ།།
དྲི་བསུང་སྤོས་ངད་ཕྱོགས་ཀུན་འཐུལ་བའི་གནས།།
འུམ་ལྷོའི་ལྗོངས་འདི་སུམ་རྩེན་ཡུལ་ལ་འགྲན།།
དཔྱིད་ཀྱི་འཛིན་མར་སྣ་ཚོགས་མེ་ཏོག་མཛེས།།
དབྱར་གསུམ་སྔོ་ལྗང་གོས་ཀྱིས་ཀུན་ནས་བཀླུབས།།
སྟོན་ཁ་འབྲུ་རིགས་དགུན་གསུམ་གངས་ཀྱིས་བརྒྱན།།
མིག་གི་དགའ་སྟོན་ལྷ་ཡུལ་འུམ་ལྷོ་མཚར།།
བདེ་རྒྱལ་ཡབ་སྲས་བརྒྱུད་པའི་བྱིན་བརླབས་ཀྱིས།།
ཡུལ་མི་རྣམས་ཀྱང་ཆོས་ཀྱི་བྱ་བར་འབུངས།།
རི་དྭགས་ཚོགས་ནི་རང་དབང་དགའ་བདེར་རྒྱུ།།
ཆོས་ལྡན་ཞིང་དེ་འཆི་མེད་ཡུལ་ལ་སྡང་།།
བརྗོད་ཀྱིས་མི་ལང་དེ་འདྲའི་བདེ་སྐྱིད་ལྗོངས།།
བདེ་ཆེན་ཞིང་གི་དཔལ་ལའང་མཆིས་སམ་ཅི།།
གནའ་དེང་ཡོན་ཏན་གཤོག་རྩལ་རབ་རྒྱས་པའི།།
གཤིས་བཟང་ཡུལ་མིའི་ལྗོངས་དེ་ལྷག་ཏུ་མཛེས།།
