དྲན་པ་ཀློད་དུས།

ལོ་རིམ་ལྔ་པའི་སློབ་གཉེར་བ། བསོད་ནམས་འོད་གསལ།

ཟུར་གསུམ་སེམས་པ་དམར་པོའི་བཞུར་རྒྱུན་ལ་བསམས་ན།།
དྲན་གདུང་མཆི་མ་ཁོ་བོའི་སྙིང་ཁ་ནས་འཕྱུར་འགྲོ།།
ཡོད་ཚད་སྲིད་པའི་ཀློང་ནས་ཕྱིར་དྲན་ཞིག་བྱེད་དུས།།
གློ་དང་མཆིན་པའི་གསེབ་ཏུ་ཁྱེད་རང་ཉིད་འདོད་ཀྱི།།

འཇིག་རྟེན་རྨི་ལམ་འདྲ་བའི་ས་སྒང་འདིར་བསམས་ན།།
ཁེར་རྐྱང་ས་མཐའ་འགྲིམ་པ་སྐྱོ་བ་ལས་མི་འདུག།
བསམ་བཞིན་བསམ་བཞིན་དྲན་པ་རྒྱང་རིང་དུ་ཤོར་དུས།།
ཡ་ཁོག་སྦུག་ནས་སྙིང་ཆུང་རྦབ་རྡོ་བཞིན་འགྲིལ་ཡོང་།།

དུང་སེམས་མེ་ལྕེ་དྲོན་མོའི་བར་གསེང་ནས་གསོན་ཞིང་།།
ལོ་ཟླ་དུ་མར་བརྩེགས་པའི་སྐྱོ་ངལ་རེས་གནོན་དུས།།
བརྩེ་བ་མཚོ་ལས་ཟབ་པའི་རང་མདངས་ཤིག་མངོན་ན།།
བདག་གི་མི་ཚེའི་ཕམ་ཁ་ཁུར་དགོས་ཤིག་མིན་ཨང་།།

མཁའ་དབུགས་གཙང་ཞིང་ཉི་འོད་འཇམ་ས་ན་ཡན་དུས།།
སྡོང་ལོ་གཙང་པོའི་མཉམ་དུ་ཁྲིགས་སེ་རང་ཆས་འགྲོ།།
དུང་བའི་སེམས་པ་དགུན་གྱི་ཆུ་མོ་བཞིན་ཡིན་ཡང་།།
མཐའ་མའི་གྱེས་ཚིག་ཅིག་གིས་བྱ་བ་ཀུན་བྱས་སོང་།།

ཀྱེ་མ་མཆོག་གསུམ་རྣམས་ལ་ནུས་མཐུ་ཞིག་ཡོད་ན།།
ཉམ་ཐག་གྲོགས་མེད་སེམས་ཀྱི་དཀའ་ཚེགས་རྣམས་གཟིགས་ཏེ།།
མི་སྡོད་སྐད་ཅིག་ཉིད་དུ་ཐར་ལམ་ཞིག་ཡོད་ན།།
འདི་ནས་རིང་དུ་གྱུར་པའི་མི་ཡུལ་ཞིག་འཚོལ་དགོས།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།