ཀུན་མཁྱེན་བླ་མ་འཇིགས་མེད་རབ་གསལ་ཟླ་བ་ལ་བསྔགས་པ་ཀ་མ་ལའི་ཕྲེང་བ་བཞུགས་སོ།།
བཀྲ་ཤིས་ཚེ་རིང་། (བལ་ཡུལ་ཞེ་ཆེན་དགོན།) ཨ་དོན་སྤྲོས་བྲལ་ཀློང་ལས་མ་གཡོས་བཞིན།།ཧ་ཅང་མཛེས་པའི་ཡུལ་ལྗོངས་འདན་ཁོག་ཏུ།།ཨ་མ་འགྲོ་ཁམས་རྒྱ་མཚོ་སྒྲོལ་བའི་སླད།།ཧ་ལས་བླ་མའི་རྣམ་པར་སྤྲུལ་ལ་འདུད།།ས་བཅུ་མཐར་སོན་རྗེ་བ…