སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་དྲ་ཚིགས་ངོ་སྤྲོད།

དྲ་ཚིགས་འདི་ནི་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་རྣམ་གྲོལ་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཁྱབ་ཁོངས་སུ་གཏོགས་པའི་༼སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་༽གི་དྲ་ཚིགས་ཡིན།
དྲ་ཚིགས་འདི་ལ་མཚོན་ན་བོད་ཡིག་དང་དབྱིན་ཡིག་བཅས་ངོས་གཉིས་ལས་གྲུབ་པ་ཞིག་ཆགས་ཡོད།

འདིར་བོད་ཡིག་གི་ངོས་དེའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་ན།

༡༽ གཙོ་ངོས།  སྡེ་ཚན་འདིར་རྩོམ་རིག་དུས་དེབ་པདྨའི་རང་མདངས་འགྲེམས་སྤེལ་བྱས་ཟིན་པའི་རྩོམ་ཡིག་རྣམས། དུས་དེབ་ནང་གི་རྩོམ་ཡིག་སྡེ་ཚན་རྣམས་དང་མཐུན་པར་མདུན་ངོས་སུ་འགོད་བཞིན་ཡོད།  
༢༽ ང་ཚོའི་སྐོར། སྡེ་ཚན་འདིར་འདི་ག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དང་འབྲེལ་བའི་ཡིག་ཆ་ཁག་སྟེ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་ལོ་རྒྱུས་དང་། རྩོམ་རིག་དུས་དེབ་པདྨའི་རང་མདངས་ཀྱི་ལོ་རྒྱུས། འདི་ནས་དཔེ་དེབ་རྩོམ་སྒྲིག་བྱེད་ཕྱོགས་ཀྱི་སྐོར་སོགས་འགོད་བཞིན་ཡོད།
༣༽ པདྨའི་རང་མདངས། སྡེ་ཚན་འདིར་འདི་ག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་ད་བར་འགྲེམས་སྤེལ་བྱས་ཟིན་པའི་རྩོམ་རིག་དུས་དེབ་པདྨའི་རང་མདངས་ཀྱི་དེབ་ཕྲེང་ཁག་རྣམས་འགོད་བཞིན་ཡོད།
༤༽ བློ་གསལ་རིག་པའི་སྒོ་འབྱེད་དེབ་ཕྲེང་ཁག།སྡེ་ཚན་འདིར་པདྨའི་རང་མདངས་ཕུད་པའི་འདི་ག་རྩོམ་སྒྲིག་ཁང་ནས་རྩོམ་སྒྲིག་བྱས་ཟིན་པའི་བོད་ཡིག་དཔེ་དེབ་ཁག་རྣམས་བློ་གསལ་རིག་པའི་སྒོ་འབྱེད་དེབ་ཕྲེང་ཞེས་པའི་ཁ་བྱང་ཐོག་ནས་འགོད་བཞིན་ཡོད།
༥༽ རྩོམ་སྒྲིག་པ། སྡེ་ཚན་འདིར་འདི་ག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་ལོ་གཅིག་རིང་གི་རྩོམ་སྒྲིག་པ་རྣམ་པ་དང་། རིག་མཛོད་རྩོམ་སྒྲིག་ཁང་གི་དཔེ་དེབ་ཚོང་པ་རྣམ་པའི་པར་རིས་རེ་འགོད་བཞིན་ཡོད།
༦༽ འབྲེལ་ཡོད་པར་རིས། སྡེ་ཚན་འདིའི་ནང་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དང་། འདི་ནས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་དང་འབྲེལ་ཡོད་ཀྱི་པར་རིས་གལ་ཆེན་དང་དམིགས་བསལ་གྱི་རིགས་རྣམས་འགོད་བཞིན་ཡོད་པ་བཅས་སོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།