དྲན་སེམས།

ལོ་རིམ་གསུམ་པའི་སློབ་གཉེར་བ། དོན་གྲུབ་བཀྲ་ཤིས།

ཨ་སྔོན་ནམ་མཁའི་དབྱིངས་ནས།།
འབྲུག་སྒྲ་ལྷང་ལྷང་སྒྲོག་དུས།།
ཆུང་ཆུང་བྱིས་པའི་སྐབས་སུ།།
ལ་ལུང་བརྒལ་བ་དྲན་བྱུང་།།

སྨུག་སྤྲིན་ལང་ལོང་གཡོ་ཞིང་།།
སྦྲང་ཆར་ཟིལ་མ་འབབ་དུས།།
སྦྲ་ནག་གྲུ་བཞིའི་ནང་ནས།།
འོ་ཇ་བཏུངས་བ་དྲན་བྱུང་།།

ཁུ་བྱུག་འགྱུར་ཁུག་སྙན་མོ།།
ལུག་གུའི་འབའ་སྒྲ་ལྷང་ལྷང་།།
རྟ་ཕོའི་བང་རྩལ་འགྲན་སའི།།
ཕ་ཡུལ་གངས་ལྗོངས་དྲན་བྱུང་།།

དགུན་གྱི་གྲང་བའི་ནམ་ཟླར།།
ཉི་མའི་འོད་དཀར་འཕྲོ་དུས།།
ཁྱིམ་མཚེས་རྒན་རབས་རྣམ་པས།།
ཉི་ཁའི་གནའ་གཏམ་དྲན་བྱུང་།།

ལས་དབང་བཙན་པོ་ཞིག་གིས།།
ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས།།
མི་ཡུལ་འགྲིམས་དགོས་བྱུང་ཡང་།།
སླར་ཡང་མཇལ་བའི་སྨོན་ལམ།།

དུས་ཀྱི་འཕོ་འགྱུར་འོག་ནས།།
ས་མཐའི་མགྲོན་པོ་ང་རང་།།
ཤཱཀྱའི་དགེ་སྦྱོང་ཆེན་པོའི།།
ངུར་སྨྲིག་ཆོས་སྐལ་ཐོབ་སོང་།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།