༣༩༽ སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

་་་་་་་་་་འདོན་ཐེངས་སྔ་མའི་འཕྲོ།

ད་ནི་སྒྲ་གཅིག་དོན་དུ་མ་ལ་འཇུག་ཚུལ་ནི།  ཇི་སྐད་དུ།
ངག་ཕྱོགས་ས་དང་འོད་ཟེར་དང་།།
ཕྱུགས་དང་མིག་དང་རྡོ་རྗེ་དང་།།
མཐོ་རིས་ཆུ་སྟེ་དོན་དགུ་ལ།།
མཁས་པས་གོ་སྒྲ་ངེས་པར་ཟུངས།།
ཞེས་པ་ལྟར་རོ།།

 མཐོ་རིས་དང་། ཕྱུགས་དང་། གླང་དང་། རྡོ་རྗེ་དང་། འོད་དང་། ཟླ་བ་རྣམས་ལ། གོ །དང་། གཽཿ  སྟེ་སྐྱེས་རྟགས།  ཆུ་དང་། མདའ་དང་། ངག་དང་། བློ་གྲོས་དང་། ས་གཞི་དང་། མིག་དང་། བ་མོ། གཽཿ  སྟེ་མོ་རྟགས། རླུང་དང་། ཚངས་པ་དང་། ཉི་མ་དང་། བ་གམ། སྐྱེས་བུ་དང་། གཤིན་རྗེ་དང་། གྲུང་པོ་དང་། རྨ་བྱ་དང་། མེ་རྣམས་ལ། ཀཿ  སྤྱི་བོ་ཆུ་དང་བདེ་བ་རྣམས་ལ།  ཀཾ །སངས་རྒྱས་དང་། ལོག་འདྲེན་ཚོགས་བདག་དང་། མཁའ་ལྡིང་སྟེ་ཁྱུང་དང་། བླ་མ་རྣམས་ལ། བི་ནཱ་ཡ་ཀཿ  འཇུག་སྟེ། རྣམ་འདྲེན་ནམ། ལོག་འདྲེན་ནམ། འདུལ་བྱེད་སྐྱེས་སོགས་སྐབས་དང་སྦྱར། ཟླ་བ་དང་། ཚེ་རིང་པོ་དང་། རྩ་ཀུ་ཤ་རྣམས་ལ། ཛཻ་བཱ་ཏྲ་ཀཿ  སྟེ་འཚོ་བྱེད་ཅེས་དང་། ཚིགས་བཅད་དང་། གར་མཁན་གྱི་བུད་མེད་དང་། འབྲེག་མཁན་སོགས་བཟོ་བོ་དང་། བྱེད་པ་རྣམས་ལ། ཀཱ་རི་ཀཱ། གླང་པོ་དང་། གདོལ་པ་ལ། མཱ་ཏངྒཿ  བདེ་བ་དང་། བུད་མེད་དང་། རྟ་གླང་སོགས་ཀྱི་གླ་བརྔན་དང་། སྦྲུལ་གྱི་གདེངས་ཀ་དང་། སྦྲུལ་གྱི་ལུས་དང་། སྐྱོང་བར་བྱེད་པ་དང་། ནོར་དང་། ཐ་སྙད་དང་། ལོངས་སྤྱོད་རྣམས་ལ། བྷོགཿ  རྟགས་སམ་མཚན་མ་དང་། ཕོ་མཚན་དང་། རྗེས་སུ་དཔག་པ་དང་། གྲངས་བརྗོད་པའི་རང་བཞིན་ཏེ་སྐྱེས་པ་སོགས་ཀྱི་རྟགས་དང་། དབང་ཕྱུག་གི་སྐུ་རྟེན་གྱི་བྱེ་བྲག་རྣམས་ལ། ལིངྒཾ། ཤིན་ཏུ་ཞེན་ཅིང་ཆགས་པ་དང་། འདོད་པ་དང་། འོད་ཟེར་དང་། མཛེས་པ་རྣམས་ལ། རུ་ཙིཿ  སོ་དང་། བྲམ་ཟེ་དང་། འདབ་ཆགས་དང་། རྒྱལ་རིགས་དང་། རྗེའུ་རིགས་རྣམས་ལ། དྭི་ཛཿ  གཉིས་སྐྱེས། གཤིན་རྗེའི་རྒྱལ་པོ་དང་། རྒྱལ་བ་སངས་རྒྱས་དང་། གཡུལ་ངོར་བརྟག་པ་རྣམས་ལ། དྷརྨ་རཱ་ཛཿ  ཆོས་ཀྱི་རྒྱལ་པོ། རོ་ཚ་བ་ལ། ཀ་ཊུཿ  ཕོ། བྱ་བར་མ་འོས་ལ། ཀཊུ། མ་ནིང་། སྨན་ཚ་སྤོར་ལ། ཀ་ཊུཿ  མོ་རོ་ཚ་བ་ཅན་དང་། དྲི་བཟང་དང་རྣོ་བའམ་རྩུབ་པ་དང་། གཞན་གྱི་དཔལ་ལ་སྡང་བའམ་སེར་སྣ་བྱེད་པ་རྣམས་ལ། ཀ་ཊུ། རྟགས་གསུམ་ཀ་འཇུག་གོ །

དགེ་ལེགས་དང་མི་དགེ་བ་དང་། སྡིག་པ་དང་། དངོས་མེད་རྣམས་ལ། རིཥྚཾ། རལ་གྲི་དང་ལྦུ་བ་དག་ལ། རིཥྚཿ  དགེ་བ་དང་། མི་དགེ་བ་དང་། བུ་བཙས་པས་ཁྱིམ་དང་། འཆི་ལྟས་དང་། དར་བའི་བྱེ་བྲག་ཏ་ཀྲ་རྣམས་ལ། ཨ་རིཥྚཾ། ལྦུ་བ་དང་། ཤིང་ནིམྦ་དང་། སྒོག་པ་དང་། བྱ་རོག་དང་། བྱ་ཀངྐ་རྣམས་ལ། ཨ་རིཥྚཿ  སྒྱུ་མ་དང་། མཁའ་སོགས་རྣམ་འགྱུར་མེད་པ་སྟེ། མི་གཡོ་བ་དང་། བརྩེགས་པ་དང་། རི་དྭགས་འཆིང་བའི་འཁྲུལ་འཁོར་གྱི་བྱེ་བྲག་དང་། ཚུལ་འཆོས་དང་། མི་བདེན་པ་དང་། འབྲུག་སོགས་ཀྱི་ཕུང་པོ་དང་། ལྕགས་ཀྱི་ཐོ་བ་དང་། རིའི་རྩེ་མོ་དང་། ཐང་གཤོལ་གྱི་ཡན་ལག་དང་། སྤུ་ན་སྟོང་ངམ་ཕུབ་མ་རྣམས་ལ། ཀཱུ་ཊཿ  དང་། ཀཱུ་ཊཾ། མིག་དང་བློ་དང་། ལྟ་བ་རྣམས་ལ། དྲིཥྚཿ  མཆོད་སྦྱིན་དང་། འདོད་པ་དང་། བསྡུས་པ་དང་། ཚིགས་བཅད་རྣམས་ལ། ཨིཥྚིཿ ལེ་ལོ་མེད་པར་བྱ་བ་ལ་མྱུར་དུ་འཇུག་པ་དང་། མི་རྡུལ་བ་སྟེ་བློ་རྣོ་བ་དང་། ནད་མེད་པ་དང་། སྨྲ་མཁས་སམ་ངག་གསལ་བ་ལ། པ་ཊུཿ  ཕོ་མོ། པ་ཊུ། མ་ནིང་། ལྡུམ་སྨན་པ་ཊོ་ལ་ལ། པ་ཊུཿ  ཕོ། གདུགས་དང་ལན་ཚ་དག་ལ། པ་ཊུ། དབྱུག་པ་དང་པི་ཝཾ་སོགས་སྒྲོགས་པའི་དབྱུག་གི་དང་། ཞོ་ཡི་ཕྲུ་མ་དང་དམག་དཔུང་དང་དུས་ཀྱི་ཚད་ཀྱི་བྱེ་བྲག་དང་།  ཉི་མའི་འཁོར་གཏུམ་པོའི་འོད་དང་། ཆད་པའམ་འདུལ་བ་དང་། གཤིན་རྗེ་དང་། མངོན་པའི་ང་རྒྱལ་དང་གཟའ་གདོན་རྣམས་ལ། དཎྜ། སངས་རྒྱས་དང་། མཁས་པ་དང་། གཟའ་ལྷག་པ་དང་། རྟོགས་པ་རྣམས་ལ། བུདྔྷཿ  གླང་རྫི་དང་། གླང་བདག །གྲངས་ཚོགས་དབང་དུ་བྱས་པ་དང་། རྒྱལ་པོ་རྣམས་ལ། གོ་བཿ  དབྱངས་ཅན་མའི་པི་ཝཾ་དང་། ནད་ཕྲ་མོའི་བྱེ་བྲག་དང་། རུས་སྦལ་མོ་རྣམས་ལ།  ཀཙྪ་བཱི། ར་ཡིག་ལ། རེ་ཕཿ  སྨད་པ་ལ། རེ་ཕཿ  འམ། ཕཾ། པཱའང་། སྨད་པའོ། །དཔྱ་ཁྲལ་དང་། ལག་པ་དང་། འོད་ཟེར་དང་། སེར་བ་དང་། ཆང་ངམ་ཆང་ཚོང་རྣམས་ལ། ཀ་རཿ  གཤིན་རྗེ་དང་། རླུང་དང་། དབང་པོ་བརྒྱ་བྱིན་དང་། ཟླ་བ་དང་། ཉི་མ་དང་། ཁྱབ་འཇུག་དང་།  སེང་གེ་དང་།  འོད་དང་། རྟ་དང་། ནེ་ཙོ་དང་། སྦྲུལ་དང་། སྤྲེའུ་དང་། སྦལ་པ་དང་། ཉེ་དབང་དང་། འཇིག་རྟེན་གྱི་བྱེ་བྲག་རྣམས་ལ། ཧ་རིཿ  ཕོ། ལྗང་གུ་དང་། དམར་སེར་ལའང་། ཧ་རིཿ  དང་རིའང་།  ཕོ་མོ། ཞིང་ཤེས་དང་གཉུག་མ་དང་། རང་རྣམས་ལ། སྭཾ། གཉེན་འདུན་ལ། སྭཿ  བདག་གིས་བའམ་བདག་དང་འབྲེལ་བ་ལ། སྭཿ སྭཾ་སྭ། ནོར་ལ། སྭཿ  སྭཾ། འཐབ་མོ་དང་། འཁྲིག་པ། ཟུང་དང་། གཉིས་ལས་གཞན་པས་གསང་བའམ་དབེན་པ་ལ། དྭཾ་དྭཾ། གཉིས་གཉིས། ནམ་མཁའ་དང་། སྐབས་གསུམ། མཐོ་རིས་རྣམས་ལ། ནཱ་གཿ  སྟེ་མི་བདེ་མེད་པའོ། །

སེམས་པ་དང་། མིང་དང་། ལུས་སམ་ཡི་གེ་སོགས་ཀྱི་དོན་དང་། མཚོན་པའི་བརྡ་དང་། ཉི་མའི་ཆུང་མ་དང་། སྡེབ་སྦྱོར་དབྱངས་སྒྲོགས་རྣམས་ལ། སཾ་ཛྙཱ། ཁ་དོག་དང་། གྲགས་པ་དང་། གཏམ་དང་། ཡོན་ཏན་དང་། སྙིང་རྗེ་དང་། བསྟོད་བསྔགས་དང་། བྲམ་ཟེ་སོགས་བཞི་པོའི་རིགས་ལ། བརྞྞ། ཡི་གེ་དང་། དབྱེ་བ་དང་། གཟུགས་དང་། བྱུག་པ་རྣམས་ལ། བརྞྞཾ་དང་། བརྞྞཿ  ཁྱིམ་དང་། སྐྱབས་དང་། སྲུང་བྱེད་དང་། གསོད་པ་ལ། ཤ་ར་ཎཾ། བཅོས་པ་དང་། བཟོས་པ་དང་། དགེ་ལེགས་དང་། བརྒྱན་པ་རྣམས་ལ། སཾསྐྲིཏཿ  འམ། ཏཾ་ཏཱའང་། མཚན་ཉིད་ལྡན་པའི་སྒྲ་ལ། སཾ་སྐྲ་ཏཾ། ཞེས་སོ། །ལེགས་པ་དང་། ཡོད་པ་དང་། ཤིས་པ་དང་།  དགེ་བ་དང་། དམ་པ་དང་། མཆོད་པ་དང་། ཕན་བྱེད་དང་། བདེན་པ་དང་། མཁས་པ་རྣམས། ས྄ཏ། གཙོ་བོ་རྒྱལ་རིགས་འཁོར་ལོའི་ལྟེ་བ་རྣམས་ལ། ནཱ་བྷིཿ  རྨོངས་པ་དང་། ཉུང་བ་དང་། མི་གསལ་བ་དང་། དལ་བ་དང་། རྟུལ་བ་དང་། སྐལ་ངན་རྣམས་ལ། མནྡཿ  ཏཱིརྠ། གླེང་གཞི་དང་ལུང་དང་།  དྲང་སྲོང་མུ་སྟེགས་ལྕི་བ་རྣམས་ལའོ།།

ཨཱངྱ། གཉུག་མའམ། གདོད་མའམ། ཐོག་མ་དང་པོའོ། །ཡོད་པ་དང་། སྐྱེ་བ་དང་། སྲིད་པ་དང་། འཁོར་བ་དང་། བདེ་ལེགས་དང་། ལྷ་དབང་ཕྱུག་དང་། ཐོབ་པ་རྣམས་ལ། བྷ་བ། ཞིང་ཤེས་དང་། གཉུག་མ་དང་། རང་རྣམས་ལ། སྭཾ། ངང་པ། ཉི་མ། ཁྱབ་འཇུག །གཙོ་བོ་སོགས་ལ། ཧཾ་སཿ  བེའུ་དང་། ལོ་དང་། བུ་སོགས་སྙིང་སྡུག་རྣམས་ལ། བཏྶཿ  བྲང་ལ། བཏྶཾ། སྒེག་པ་སོགས་ཀྱི་རོ་ཉམས་དང་། ལུས་ཀྱི་ཁམས་སམ་ཐིག་ལེ་དང་། དངུལ་ཆུ་དང་། གཟི་བརྗིད་དང་། དུག་དང་། ཆུ་དང་། རོ་བདའ་བ་རྣམས་ལ། ར་སཿ  ནོར་དག་མངར་བ་སོགས་ལ། བ་སུཿ  གཟུགས་དང་། བཤང་བ། གཟི་བརྗིད་རྣམས་ལ། བརྩསྲ། བརྩཿ ནུས་སྟོབས་དང་། མདངས་སམ་འོད་དང་། གཟི་བརྗིད། ཁམས་རྣམས་འཆིང་བ་ལ། ཨོ་ཛཿ  ས་མཐའོ། །སྒྲོན་མེ་དང་། འོད་དང་། སྟོབས་དང་། ཁུ་བ་དང་། མེ་དང་། གཟི་བརྗིད། ལུས་ཀྱི་ཁུ་བ། སྲོག་འདོར་བ་ལ་ཡང་བསྲན་ཚུགས་པ་རྣམས་ལ། ཏེ་ཛཿ  ས་མཐའ། ཤིང་དང་། རི་དང་། ཉི་མ་ལ། ཨ་དྲི། དེ་བཞིན་ཨ་མཱ་ར་ཀོ་ཥ་ར། ས་མ་ཡ་ནི་མནའ་དང་སྤྱོད། དུས་དང་གྲུབ་མཐའ་ཡང་དག་རིག ཅེས་དང་། སཏྱཾ། དག་ཚང་བདེན་པའོ། །ཞེས་དང་། བཱིརྻཾ། དཔའ་སྟོབས་ནུས་མཐུའོ། །ཞེས་དང་། ཚ་ཡང་ཉི་མའི་ཆུང་མ་མཛེས།  གཟུགས་བརྙན་ཚ་བ་མེད་རྣམས་སོ། །ཀῘ། རེ་མིག་བསིལ་ཁང་སོགས། སྐེད་རྒྱན་གླང་ཆེན་དབུས་སུ་འཆིང་། ཞེས་དང་། གྷ་ན། སྤྲིན་དང་ལུས་ཡོན་ཏན། མཁྲིགས་དང་བར་མེད་ལའོ།།

 མུ་འགོད་་་་་་་་

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།