༤༢༽ སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

་་་་་་་་་་འདོན་ཐེངས་སྔ་མའི་འཕྲོ།

སྙན་པའི་ཡོན་ཏན་གྱི་བྱེ་བྲག་རྒྱས་བཤད་འཕྲོས་དོན་བཅས་ལེའུ་བར་ཐ་གཉིས་ཡིན་ལ། བར་མ་དོན་རྒྱན་སོ་ལྔ་སྟེ། སྭ་བྷཱ་བཱ་ཁྱ་ནཾ། རང་བཞིན་བརྗོད་པ། ཨུ་པ་མཱ། དཔེ། རཱུ་པ་ཀཾ གཟུགས་ཅན། དྭི་པ་ཀཱ། གསལ་བྱེད། བྲྀ་ཏཱི། བསྐོར་བ། ཨ་ཀྵེ་པཱ། འགོག་པ། ཨརྠཱནྟ་ར་ནྱཱ་ས། དོན་གཞན་བཀོད་པ། བྱ་ཏི་རེ་ཀཱ། ལྡོག་པ་ཅན། བི་བྷཱ་བ་ནཱ། སྲིད་པ་ཅན། ས་མཱཿ བསྡུས་པ། ཨ་ཏི་ཤ་ཡ། ཕུལ་བྱུང་། ཨུཏྤྲེཀྵོ། རབ་བརྟགས། ཧེ་ཏུཿ རྒྱུ། སཱུཀྵྨ། ཕྲ་མོ། ཨུ་ལ་བཿ ཆ། ཀྲ་མཿ རིམ་པ། པྲེ་ཡོ་དང་། པྲི་ཡཿ དགའ་བ། ར་ས་བ྄ཏ། ཉམས་ལྡན། ཨཱུརྫྫ་སི། གཟི་བརྗིད་ཅན། པརྻཱ་ཡོཀྟཾ། རྣམ་གྲངས་བརྗོད། ས་མཱ་ཧི་ཏཾ། ཀུན་ཕན། ཨུ་དཱཏྟཱ། རྒྱ་ཆེ། ཨ་པ་ཧྣུ་ཏི། བསྙོན་དོར། ཤླིཥྚཿ སྦྱར་བ། བི་ཤེ་ཥ། ཁྱད་པར། ཏུ་ལྱ་ཡོ་གི་ཏཱ། མཚུངས་པར་སྦྱོར་བ། བི་རོ་དྷཱ། འགལ་བ། པྲ་སྟུ་ཏ་སྟོ་ཏྲེ། སྐབས་མིན་བསྟོད་པ། བྱ་ཛ་སྟུ་ཏི། ཟོལ་བསྟོད། ནི་དརྴ་ནེ། ངེས་པར་བསྟན་པ། ས་ཧོཀྟིཿ ལྷན་ཅིག་བརྗོད། པ་རི་པྲྀཏྟྱ། ཡོངས་བརྗེས། ཨཱ་ཤཱིཿ ཤིས་བརྗོད། སཾ་སྲྀཥྚིཿ རབ་སྤེལ། བྷཱ་བི་ཀཾ དགོངས་པ་ཅན། ཞེས་སོ།།

དཔེ་རྒྱན་གྱི་མཚུངས་པ་གསལ་བྱེད་ཀྱིི་སྒྲ་ནི། ཨི་བ། བཞིན། བ྄ཏ། ལྟར། བཱ། ལྟ་བུ། ཡ་ཐཱ། ཇི་ལྟར། ས་མཱ་ན། མཐུན། ནི་བྷ། ངེས་པར་གསལ་ཏེ་མཚུངས་པར་ཡང་བསྒྱུར། སནྣིབྷཱ། ཡང་དག་མཚུངས། ཏུ་ལྱཿ མཉམ། སཾ་ཀཱ་ཤཿ ཡང་དག་གསལ། ནི་ཀཱ་ཤཿ ངེས་པར་གསལ། པྲ་ཀཱ་ཤཿ རབ་གསལ། པྲ་ཏི་རཱུ་པ་ཀཱཿ གཟུགས་ཀྱི་ཟླ་བོ། པྲ་ཏི་པཀྵཿ གཉེན་པོ། པྲ་ཏི་དྭནྡྭི། དགྲ་ཟླའམ་འགྲན་ཟླ། པྲཏྱ་ནཱི་ཀཿ སོ་སོར་རྟོག ནི་རོ་དྷི་ནཿ འགལ། དྲྀ་ཤ འདྲ། ས་དྲྀ་ཀྶཾའམ་སདྲྀཀྵ། བལྟ་བཅས་སུ་ཡང་བསྒྱུར། ས་ཌ྄ྀ་ཤ྄འང་དེ་འདྲའོ། །སམྤཱ་དི། བསླུ་བ། ཛཱ་ཏཱི་ཡ། རིགས་མཐུན། ཨ་ནུ་བཱ་དི་ནཿ རྗེས་སུ་སྨྲ་བ། པྲ་ཏི་བིམྦ། གཟུགས་བརྙན། པྲ་ཏི་ཙྖནྡ། སོ་སོར་སྡེབ། ས་མ། མཉམ། སམྨིཏཱཿ ཡང་དག་འཇལ། ས་ལ་ཀྵ་ཎ། མཚན་ཉིད་མཐུན། ས་དྲྀཀྵཱ། མཚུངས་བཅས་སམ་འདྲ་མཚུངས། འདིར་མཚན་ཉིད་མཐུན་མཚན་ཉིད་འདྲ། མཚན་ཉིད་མཚུངས་ཞེས་སྦྱར་བ་ཡོད། ས་པཀྵཿ མཐུན་ཕྱོགས། ཨུ་པ་མི་ཏཱ། དཔེར་བྱས། ཨུ་པ་མཱཿ དཔེ། ཀལྤ། རྟོག དེ་ཤཱི་ཡ། དམན། དེ་ཤི་ཅུང་ཟད་དམན། འདི་གཉིས་རྐྱེན་ཞིག་ཡིན་ཏེ་བོད་སྐད་དུ་བཤད་མ་ཐག་པ་ལྟར་བསྒྱུར། སོགས་ཁོངས་ནས་དེ་དང་ཆ་འདྲ་རྣམས་འཕང་། དཔེར་ན་གཞུང་གཞན་ལས། སཱ་དྷཱ་ར་ཎཿ ཆ་མཐུན་ཞེས་བཤད་པ་ལྟ་བུ་སོགས་སོ། །པྲཱ་ཁྱཱ། རབ་ཏུ་སྨྲ། པྲ་ཏི་ནི་དྷི་ཨ་བི། སོ་སོར་བཟློག ས་བརྣ། རིགས་མཐུན། ཏུ་ལི་ཏ། མཉམ་པར་བྱས། གང་ཡང་དཔེ་ལས་དཔེ་ཅན་མི་དམན་པར་སྟོན་པའི་དོན་ཅན་གྱི་ཚིག བུ་ཧུ་བྲཱྀ་ཧིཿ འབྲུ་མང་པོ་ལྟ་བུའི་ཚིག་སྡུད་ཀྱི་ནང་ཚན་ཟླ་བའི་གདོང་ཅན་ཞེས་བརྗོད་པ་སོགས་ཀྱིས་ཀྱང་མཚུངས་པར་སྟོན་ཏོ། །སྤརྡྷ་ཏི། འགྲན། ཛ་ཡ་ཏི། རྒྱལ། དྭེཥྚིཿ སྡང་བ། དྲུ་ཧྱ་ཏི། འཁུ། པྲ་ཏི་གརྫ་ཏི། མི་མཐུན་སྒྲོགས། ཨཱ་ཀྲོ་ཤ་ཏི། འཐབ་པ། ཨ་པ་ཛཱ་ནཱ་ཏི། འཕྱ་བ། ཀ་དརྠ་ཡ་ཏི། སྨ་འབེབས་བྱེད། ནིནྡ་ཏི། སྨོད་པ། བི་ཌམྦ་ཡ་ཏི། ཅོ་འདྲི་བ། སཾ་རུནྡྷེ། འགོག་པ། ཧ་ས་ཏི། དགོད་པ། ཨིརྵྱ་ཏི། ཕྲག་དོག་པ། ཨ་སཱུ་ཡ་ཏི། མི་བཟོད་པ། ཏ་སྱ་མུཥྞཱ་ཏི་སཽ་བྷཱ་གྱཾ། དེ་ཡི་སྐལ་བཟང་འཕྲོག་བྱེད་དང་། ཏ་སྱ་ཀཱནྟིཾ་བི་ལུམྦ་ཏི།

མུ་འགོད།……..

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།