གསང་ཚིག་འཚོལ་བའི་རིག་རླབས།

རྩོམ་སྒྲིག་པ།

ཉེར་གཅིག་དུས་ཀྱི་ཡོ་ལང་ཁྲོད་ནས།།
འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཀུན་ལ།།
ལུང་རྟོགས་བསྟན་པའི་བ་དན་དཀར་པོ།།
སྒྲེང་མཁན་དཔའ་རྒོད་རྒད་པོ་སུ་རེད།།

ཁྲི་སྲོང་ལྡེ་བཙན་སྦྱིན་བདག་མ་བྱས།།
ལྷ་ཡི་བཟོ་བོས་སྤྲུལ་པ་མ་བསྐྱེད།།
གང་གི་ཐུགས་བསྐྱེད་ཀློང་ནས་འཁྲུངས་པའི།།
བྱེས་ཀྱི་བསམ་ཡས་གཉིས་པ་གང་རེད།།

ཡིད་ཅན་མིན་ཀྱང་མཁས་བླུན་ཀུན་ཀྱིས།།
དགེ་རྒན་བསྟེན་ཅིང་བཟང་ངན་ཤེས་བྱའི།།
ཡོན་ཏན་སྣ་ཚོགས་བློ་སྐྱེད་སྟེར་མཁན།།
ཉེེར་གཅིག་དུས་ཀྱི་སྟོན་པ་སུ་རེད།།

འབྱུང་གཞི་སྲོག་མེད་ས་རྡོ་མ་ཡིན།།
ལྟོ་གོས་གནས་ཁང་གཅིག་གིས་ཆོག་ལ།།
ཆེ་ཆུང་གཉིས་ཀའི་མཚན་གཞིར་འོས་པའི།།
ཡ་མཚན་ཅན་གྱི་སྐྱེ་འགྲོ་གང་རེད།།

རིན་ཆེན་དུས་ཀྱིས་སྐུལ་མ་བྱེད་དུས།།
སྲོག་ལྡན་མིན་ཀྱང་རྒྱ་ཤོག་སྟེང་དུ།།
གཟབ་གཟབ་ངང་ནས་བང་རྩལ་གློད་པའི།།
གྲོགས་མེད་གྱི་ལིང་རྟ་ཕོ་གང་རེད།།

དམ་པ་རྣམས་ཀྱི་དགྲ་རུ་ལངས་ཤིང་།།
ཐ་མལ་ཆོས་པའི་གཉེན་དུ་བྱས་ཀྱང་།།
མཐར་ཐུག་དམྱལ་བའི་འོབ་ཏུ་འཁྲིད་པའི།།
བཞི་གཉིས་བརྒྱད་ཀྱི་མིང་ལ་ཅི་ཟེར།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།