མི་ཚང་མར་གཏམ་རྒྱུད་རེ་ཡོད། Everyone Has a Story in Life.

ལོ་རིམ་བརྒྱད་པའི་སློབ་གཉེར་བ། སངས་རྒྱས་བསྟན་འཛིན།

ལོ་ཉེར་བཞི་ཅན་གྱི་བུ་ཆུང་ཞིག་གིས་མེ་འཁོར་གྱི་སྒེའུ་ཁུང་ནས་ཕྱི་ལ་ལྟ་བཞིན་སྐད་བརྒྱབ། “པ་ལགས། ལྟོས་དང་། ལྗོན་ཤིང་རྣམས་ང་ཚོའི་རྒྱབ་ཕྱོགས་སུ་རྒྱུག་བཞིན་འདུག” ཨ་ཕས་འཛུམ་དམུལ་དམུལ་བྱས། ཁོའི་ཉེ་འགྲམ་དུ་བསྡད་པའི་བཟའ་ཚང་ཕོ་མོ་གཉིས་ཀྱིས་ལོ་ཉེར་བཞི་ལོན་པའི་བུ་དེའི་བྱིས་པའི་སྤྱོད་ཚུལ་ལ་ལྟ་བཞིན་སྙིང་རྗེ་རེ་སྐྱེས། ད་དུང་གློ་བུར་དུ། “པ་ལགས། ལྟོས་དང་། སྤྲིན་པ་རྣམས་ང་ཚོ་དང་ལྷན་དུ་རྒྱུག་བཞིན་འདུག” ཅེས་བཤད།

དེར་བཟའ་ཚང་གཉིས་ཀྱིས་འགོག་ཐབས་མ་བྱུང་བར་རྒད་པོ་ལ་“ཁྱེད་ཀྱིས་རང་གི་བུ་དེ་སྨན་པ་ཡག་པོ་ཞིག་ལ་མི་བསྟེན་པ་གང་ཡིན་ནམ།” ཞེས་དྲིས། རྒད་པོ་དེས་འཛུམ་ཞིག་བསྟན་ནས་“ངས་ཁྲིད་པ་ཡིན། ངེད་གཉིས་སྨན་ཁང་ཞིག་ནས་ཡོང་བ་ཡིན། ངའི་བུ་སྐྱེ་དུས་ནས་ནད་ཀྱིས་ལོང་བ་ཆགས་ཡོད་ལ། ཁོ་ལ་དེ་རིང་གཞི་ནས་མིག་དེ་ཐོབ་པ་རེད།” ཅེས་སྨྲས་སོ།།
སའི་གོ་ལའི་སྟེང་གི་མི་རེ་རེ་ལ་གཏམ་རྒྱུད་རེ་རེ་ཡོད། ཁྱེད་ཀྱིས་མི་དེ་ཚོ་དངོས་སུ་མ་ཤེས་གོང་ལེགས་ཉེས་མ་འབྱེད། བདེན་པ་དེས་ཁྱེད་རང་ཧང་སང་དུ་འཇུག་སྲིད།

འབྲེལ་མཐུད་དྲ་ཚིགས་ཁ་བྱང་།
https://www.linkedin.com/pulse/everyone-has-story-life-satheesh-s

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།