༤༠༽ མངོན་བརྗོད་ལས་ཉེ་བར་མཁོ་བའི་མིང་གི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

སྐར་ཁུང་གི་མིང་།
རླུང་སྒོ་དྲྭ་མིག་བ་ལང་མིག།
༡༽ རླུང་སྒོ། ཁང་པའི་སྐར་ཁུང་སྟེ་རླུང་སོགས་ཡོང་སའི་སྒོ་ལྟ་བུའི་ཕྱིར་ནའོ།།
༢༽ དྲྭ་མིག ཁང་པའི་སྒེའུ་ཁུང་སྟེ་ཁྲ་མ་དང་བུ་ག་ཆུང་ངུ་མིག་ལྟ་བུ་དང་ལྡན་པའི་ཕྱིར་ནའོ།།
༣༽ བ་ལང་མིག ཁང་པའི་ཐོག་ཁུང་སྟེ་བ་ལང་གི་མིག་དང་འདྲ་བས་སོ།།

ནེའུ་ལེའི་མིང་།
འོལ་བ་ཙིལླ་ནེ་ལེ་སྟེ།།
༡༽ འོལ་བ། ནག་པོ་དུ་བའི་མདོག་ཅན་ནམ་བྱ་འོལ་བའི་མདོག་ཅན་ཏེ་རྟ་འོལ་བའི་མདོག་ལྟ་བུ་དང་ལྡན་པའི་ཕྱིར་ནའོ།།
༢༽ ཙིལླ། བྱ་ནེའུ་ལེ་སྟེ་ནམ་མཁའི་དབྱིངས་སུ་ལྡིང་བསྐོར་བརྒྱབ་ནས་མར་གཞོལ་ཏེ་ཁྱིམ་བྱའི་ཕྲུ་གུ་དང་བྱ་གཞན་པའི་ཕྲུ་གུ་བཟུང་ནས་ཟ་བས་སོ།།

ཚིལ་གྱི་མིང་།
ཞག་དང་སྣུམ་བག་ཚིལ་ལ་སྟེ།།
༡༽ ཞག ཚིལ་ལ་སྣུམ་ཞག་དང་ལྡན་པས་སོ།།
༢༽ སྣུམ་བག ཚིལ་ལ་སྣུམ་བག་དང་ལྡན་པས་སོ།།

ཚོགས་པའི་མིང་།
ཚོགས་པ་འདུས་པ་འཁོར་ལ་སྟེ།།
༡༽ ཚོགས་པ། འཁོར་ཏེ་རྒྱལ་པོའི་འཁོར་ལ་གནས་པའི་འབངས་མི་རྣམས་གནས་གཅིག་ཏུ་ཚོགས་པས་སོ།།
༢༽ འདུས་པ། རྒྱལ་པོའི་མངའ་འོག་ཏུ་འདུས་པས་སོ།།

མུ་ཏིག་གི་མིང་།།
གྲོལ་བ་ཅན་ནི་མུ་ཏིག་མིང་།།
༡༽ གྲོལ་བ་ཅན། ཉ་ལྕིབས་སམ་གྲོལ་བ་ཅན་ལས་བྱུང་བས་སོ།།

ཀེང་རུས་ཀྱི་མིང་།
རུས་པ་གདུང་དང་ཀེང་རུས་ཟེར།།
༡༽ གདུང་། ལུས་ཀྱི་རུས་པའི་མིང་སྟེ་རྐང་གདུང་དང་། གདུང་རུས་ལྟ་བུའོ།།
༢༽ རུས་ཁོག་ལྟ་བུར་གོ

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།