གབ་ཚིག་བྱིས་པའི་སྒོ་ལྕགས།

ལོ་རིམ་གཉིས་པའི་སློབ་གཉེར་བ། ཚེ་རིང་བཀྲ་ཤིས།

རི་མགོ་མཐོན་པོའི་རྩེ་ནས། །རླུང་གི་རྟ་ཕོར་བཞོན་ཏེ།།
སྟོང་གསུམ་སྐོར་གྲབས་བྱེད་ཀྱང་། །བསླེབ་རྒྱུ་མེད་དེ་གང་ལགས།།

ཡང་དག་ཀུན་རྫོབ་ཆོས་ཤིག །རང་བཞིན་བྲི་གང་མེད་ཀྱང་།།
འཇིག་རྟེན་ང་ཚོའི་མིག་ལ། །བྲི་གང་མཐོང་དེ་ཅི་ལགས།།

ཤ་ཡི་སྤང་ལྗོངས་སྟེང་དུ། །ཤིང་ཁྲི་ཟླུམ་གོར་མཛེས་པ།།
དེའི་ནང་རྒྱ་མཚོ་འཁྱིལ་ཞིང་། །སྟེང་དུ་གངས་རི་འཚེར་ཅི།།

གཟུགས་མེད་དངོས་པོ་ཡིན་ཡང་། །འཛམ་གླིང་གོ་ལའི་གསེང་ན།།
ཆགས་མེད་ཞི་དྲག་ངང་ནས། །རྒྱུ་བའི་དངོས་དེ་གང་རེད།།

ཨ་མའི་མཐེ་མཛུབ་གཉིས་ཀྱིས། །ཤིང་རི་ཟླུམ་པོའི་ནང་ལ།།
དུང་གི་མདའ་ཆར་ཕབ་པས། །རྒྱ་མཚོ་འཁྱིལ་བ་གང་རེད།།

གོང་གི་གབ་ཚིག་རྣམས་རེ་རེ་ནས་ངོས་འཛིན་གནང་ཐུབ་མཁན་རྣམས་ཀྱི་མཚན་སྤྱི་ལོ་ ༢༠༢༢ ལོའི་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་ནང་དགོད་རྒྱུ་དང་། མི་གྲངས་གསུམ་ལ་དུས་དེབ་ཕྱི་མ་རེ་བྱ་དགའ་རུ་དབུལ་རྒྱུ་ལགས་ན། གབ་ལན་རྣམས་སྤྱི་ལོ་ ༢༠༢༢ བོད་ཟླ་ ༠༨ ཚེས་ ༡༥ ལས་མ་འགྱངས་བར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དུ་བསྐུར་གནང་ཡོད་པར་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།