རིན་ཆེན་བོད་ཀྱི་སྐད་ཡིག།

ལོ་རིམ་བདུན་པའི་སློབ་གཉེར་བ། པདྨ་རྒྱ་མཚོ།

ཀ་ཁ་ག་ང་ཡིད་བཞིན་ནོར་བུ་འོ།།
ཁ་བཤད་མཁས་པའི་སྒྲོ་སྐུར་གང་ཡང་མིན།།
ག་ལེར་སོམས་དང་ཤ་ཁྲག་གཅིག་པ་ཚོ།།
ང་ཚོའི་ཕ་ཆོས་འཛམ་གླིང་སྤྱི་ནོར་ཡིན།།

ཅ་ཅོའི་འཆལ་གཏམ་མ་ཡིན་ཐར་པའི་ལམ།།
ཆ་ཤས་རྫོགས་པར་སྟོན་པའི་བོད་ཡིག་འདི།།
ཇ་ཡུན་ཙམ་ལའང་བདག་གཉེར་འགན་འཁྲི་དེ།།
ཉ་གང་ནང་པ་ཀུན་ཀྱི་སྒལ་པར་ཡོད།།

ཏ་ཐཱ་ག་ཏའི་གསེར་མཚུངས་བསྟན་པའི་དཔལ།།
ཐ་དད་མེད་པར་བྷོ་ཊའི་སྐད་ལ་ཐིམ།།
ད་རེས་བོད་སྐད་སྤུས་ལེགས་མ་ཤེས་ན།།
ན་གཞོན་གཞུང་ཆེན་མཁྱེན་པའི་སྐལ་བ་དབེན།།

པ་ཕའི་སྐད་མིན་དབྱིན་སོགས་མང་ཤེས་ནའང།།
ཕ་སྐད་བརྗེད་ན་ཞབས་འདྲེན་བླ་མེད་དོ།།
བ་ཚྭ་ལྟ་བུའི་དཔལ་འབྱོར་མི་སྒྲུབ་པར།།
མ་མའི་སྐད་ཡིག་འདེགས་པའི་དོན་ལ་བརྩོན།།

ཙ་རི་གངས་ཅན་པ་ཡི་ངག་གི་གདངས།།
ཚ་གྲང་ཁྱད་བསད་སྦྱངས་ན་དོན་ཆེན་ཡོད།།
ཛ་ཡའི་བསྟན་པའི་རིན་ཐང་ཇི་བཞིན་དུ།།
ཝ་སྐྱེས་བདག་སོགས་སྐད་ཡིག་དེ་བཞིན་ནོ།།

ཞྭ་མོ་དམར་སེར་ཅི་འདྲ་གྱོན་ནའང་ཆོག །
ཟ་འཐུང་ངན་ངོན་གང་ལྟར་སྤྱད་ནའང་འགྲིག།།
འ་ཆད་འུ་ཐུག་ཅན་གྱི་གནས་དེ་ནི།།
ཡ་མཚན་ཆེ་བའི་སྐད་ཡིག་བརླགས་པས་ཡིན།།

ར་མ་ལུག་སྐད་ད་ནས་མཚམས་འཇོག་གནོངས།།
ལྭ་བ་དཀར་ལྟར་སྐད་ཡིག་དྭངས་མ་ཤོད།།
ཤ་ཉེ་བོད་ཀྱི་སྐད་ཡིག་བརླགས་སོང་ན།།
ས་གསུམ་འདི་ནས་ནང་ཆོས་སྟོངས་པ་ཡིན།།

ཧ་ཅང་རིན་ཐང་ཆེ་བའི་སྐད་ཡིག་འདི།།
ཨ་ཕ་མེས་པོའི་སྲོག་བཞིན་གཅེས་པར་མཛོད།།
ཧ་ལམ་རིན་ཐང་གཞལ་མེད་ས་ལེ་སྦྲམ།།
ཨ་མ་བོད་ཡིག་འདི་ནི་ཨེ་མ་ཧོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།