ལོ་རིམ་དྲུག་པའི་སློབ་གཉེར་བ། ཚེ་བརྟན་དབང་ཕྱུག
ཀ་ལ་པིངྐའི་གསུང་དབྱངས་དྲུག་ཅུ་མེད་ཀྱང་།།
ཁ་ཁོག་འགལ་བའི་བྱ་བ་གཏན་ནས་སྤངས་ཤིང་།།
ག་ལ་བ་དེར་གདུལ་བྱ་འདྲེན་པར་མཛད་པའི།།
ང་ཡི་སྐྱབས་མགོན་གྲུབ་དབང་བླ་མ་མཁྱེན་ནོ།།
ཅ་གའི་ནོར་ལ་ཆགས་པའི་རྔམ་སེམས་སྤངས་ཤིང་།།
ཆ་ལུགས་རྫུན་མའི་གར་གྱི་འཁྲབ་སྟོན་སྦས་ནས།།
ཇ་ཡུན་ཙམ་ཡང་སྐྱིད་པའི་བདེ་བ་མེད་པར།།
ཉ་གང་ཟླ་བ་བཞིན་དུ་འགྲོ་དོན་མཛད་ཡོད།།
ཏ་ལའི་འོག་ཏུ་སྒོམ་པའི་རྣལ་འབྱོར་མིན་ཡང་།།
ཐ་མལ་རིགས་ལ་ངན་མཚང་བརྗོད་པ་དོར་ནས།།
ད་ལྟར་གནས་དང་མ་འོངས་འགྲོ་བ་ཐམས་ཅད།།
ན་སོགས་སྡུག་བསྔལ་ཆེ་ལས་སྐྱོབ་པར་མཛད་ཡོད།།
པ་ལ་ཤ་ཡི་མེ་ཏོག་རྒྱས་པ་ཇི་བཞིན།།
ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱས་ཏེ།།
བ་མོའི་འོ་ཞོ་ཙམ་གྱིས་མཐུན་རྐྱེན་སྦྱར་ནས།།
མ་ལུས་འགྲོ་བའི་རེ་བ་སྐོང་བར་མཛད་ཡོད།།
ཙ་རི་དབུས་གཙང་ལ་སོགས་རྒྱབ་ཏུ་བསྐྱུར་ནས།།
ཚ་གདུང་བཟོད་དུ་མེད་པའི་མྱ་ངམ་ཐང་དུ།།
ཛ་རེ་ཛོ་རེའི་མི་རིགས་འཛོམས་པའི་དབུས་ནས།།
ཝ་སྐྱེས་འདྲ་བའི་ཕས་རྒོལ་འཇོམ་པར་མཛད་ཡོད།།
ཞ་དང་ལོང་བའི་འགྲོ་བ་དམན་པ་དག་ལའང་།།
ཟ་མ་ལ་སོགས་ལོངས་སྤྱོད་ཅི་འབྱོར་སྦྱིན་ནས།།
འ་ཅག་ཁྱེད་ཅག་རིས་སུ་ཕྱེ་བ་སྤངས་ཏེ།།
ཡ་མཚན་ཆེ་བའི་སྤྱོད་བཟང་ཁྱེད་ཀྱིས་མཛད་ཡོད།།
ར་བས་བསྐོར་བའི་ཞིང་ཆེན་གསར་དུ་བསྐྲུན་ནས།།
ལ་ལས་སྦྱར་བའི་ལུགས་ངན་ཁྲིམས་ཀྱིས་བཅད་དེ།།
ཤ་ཚ་ཉམས་ཐག་འགྲོ་བ་འདྲེན་པའི་དོན་དུ།།
ས་འདིར་བརྗིད་པའི་གྲུབ་མཐའ་སྤེལ་བར་མཛད་ཡོད།།
ཧ་ལས་མཁས་པའི་ཡོན་ཏན་སྦྱངས་པ་མེད་ཀྱང་།།
ཨ་ཏི་ཡོ་གའི་ཐེག་པ་གསལ་བར་མཛད་པས།།
ཧ་ཅང་བཀྲ་བའི་དགོན་བཟང་ཁྲ་མོའི་དབུས་སུ།།
ཨ་དོན་སྦྱངས་པའི་གྲུབ་རྟགས་ཝ་ལེར་ཤར་བྱུང་།།
