ཀུ་ཤུ་གཉིས། ( Two Apples

ལོ་རིམ་བརྒྱད་པའི་སློབ་གཉེར་བ། སངས་རྒྱས་བསྟན་འཛིན།

བུ་མོ་ཆུང་ཆུང་སྙིང་རྗེ་མོ་ཞིག་གིས་ལག་པ་གཉིས་ཀས་ཀུ་ཤུ་རེ་བཟུང་ནས་བསྡད་འདུག མོའི་ཨ་མས་འཛུམ་མུལ་མུལ་གྱིས་བུ་མོ་ཆུང་ཆུང་ལ་ངག་འཇམ་པོས་དྲིས་པ། ངའི་སྙིང་ཉེ་བའི་བུ་མོ། ཁྱེད་ཀྱིས་ལག་ན་ཡོད་པའི་ཀུ་ཤུ་གཉིས་ལས་གཅིག་ཨ་མར་སྟེར་ཐུབ་བམ་ཞེས་དྲིས།

བུ་མོ་དེས་སྐར་ཆ་ཁ་ཤས་རིང་ཨ་མ་ལ་བལྟས་རྗེས། གློ་བུར་དུ་ཀུ་ཤུ་གཅིག་ལ་སོ་བཏབ་པ་དང་། དེ་ནས་གཞན་པ་དེ་ལའང་མྱུར་དུ་སོ་བཏབ། ཨ་མའི་ངོ་གདོང་གི་འཛུམ་མདངས་དེ་ཡལ་བཞིན་པ་ཚོར། མོས་རང་གི་བློ་ཕམ་མི་མངོན་པའི་འབད་བརྩོན་བྱས། དེ་ནས་བུ་མོ་ཆུང་ཆུང་གིས་སོ་བཏབ་པའི་ཀུ་ཤུ་གཅིག་ཨ་མ་ལ་སྤྲད་དེ། ཨ་མ། ཁྱོད་འདི་ཟོ་དང༌། འདི་ནི་ཀུ་ཤུ་མངར་བ་དེ་རེད། ཅེས་བཤད་དོ།།

ཁྱེད་རང་སུ་ཡིན་མིན་དང་། ཉམས་མྱོང་ཅི་ཙམ་ཡོད་མེད། ཤེས་ཡོན་ཅན་ཞིག་ཡིན་མིན་ལ་མ་ལྟོས་པར་གཞན་ལ་ལེགས་ཉེས་ལྟ་ཚུལ་ནམ་ཡང་དུས་འགྱངས་གཏང་དགོས། མི་གཞན་ལ་སོ་སོ་རང་ཉིད་འགྲེལ་བརྗོད་བྱེད་པའི་ཁེ་དབང་སྤྲོད། ཁྱེད་ཀྱིས་གང་མཐོང་བ་དེ་དངོས་ཡོད་གནས་ཚུལ་ཡིན་པའི་ངེས་པ་མེད། མི་གཞན་ལ་མཐའ་སྡོམ་ནམ་ཡང་མ་རྒྱག

བསྒྱུར་གཞི།
https://www.bizmove.com/inspiration/m9b.htm

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།