ཤེས་ཡོན། ( Education )

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཉི་མ་རྡོ་རྗེ།

ཤེས་ཡོན་ནི་མིའི་རིགས་ཡར་ཐོན་དང་འཕེལ་རྒྱས་འགྲོ་བར་མེད་དུ་མི་རུང་བའི་རྨང་རྡོ་ལྟ་བུ་ཡིན། དེ་ནི་མི་སྒེར་གྱི་མི་མངོན་པའི་ནུས་ཤུགས་འདོན་སྤེལ་དང་། སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད། དེང་རབས་འཛམ་གླིང་གི་དཀའ་ངལ་དང་རྙོག་འཛིང་ལ་ཁ་གཏད་བྱེད་ནུས་པའི་ཤེས་རབ་བསྐྲུན་པའི་ཐབས་ཤིག་ཡིན། རྩོམ་ཡིག་འདིའི་ནང་ཤེས་ཡོན་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་དཔྱད་སྡུར་བྱས་པ་དང་། མི་སྒེར་གྱིས་འཚར་ལོངས་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན་བཅས་ཀྱི་ཁྲོད་དུ་ཤེས་ཡོན་གྱི་ཕན་རླབས་དང་ནུས་ཤུགས་ཐེབས་ལུགས་སྐོར་ནན་པོར་བཤད། ཤེས་ཡོན་ནི་གཞི་རྩའི་མིའི་ཐོབ་ཐང་ཞིག་ཡིན་པ་མ་ཟད། མི་སྒེར་གྱི་མ་འོངས་མདུན་ལམ་ལེགས་འགྲུབ་ཡོང་བ་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་ཐབས་མེད་དུ་མི་རུང་བ་དེའི་གོང་ན་མེད་པ་ཞིག་ཡིན།

སྒེར་གྱི་འཚར་ལོངས་དང་ཡོན་ཏན་སྣ་ཚོགས་ཀྱི་གཞི་རྩ།

ཤེས་ཡོན་ནི་མི་སྒེར་གྱི་འཚར་ལོངས་དང་ཡོན་ཏན་སྣ་ཚོགས་བསྐྱེད་ཐུབ་པའི་ལག་ཆ་ནུས་ལྡན་ཞིག་ཡིན། དེས་མི་སྒེར་ལ་ཤེས་ཡོན་དང་། ནུས་རྩལ། རྣམ་དཔྱོད་འདོན་སྤྲོད་བྱེད། ཤེས་ཡོན་འདི་ལ་བརྟེན་ནས་བློ་གྲོས་ལྡན་པའི་གང་ཟག་གིས་ཇུས་ཐག་གཅོད་པ་དང་། དཀའ་ཚེགས་དག་ལ་གདོང་ལེན་བྱེད་ཐུབ་པ། འགྱུར་ལྡོག་དང་འཕོ་འགྱུར་འགྲོ་བའི་ཁོར་ཡུག་དང་བསྟུན་ཤེས་པའི་ཐབས་ཤེས་རྙེད། ཤེས་ཡོན་གྱི་ལམ་ལ་བརྟེན་ནས་ཤེས་བྱ་སྣ་ཚོགས་ཤེས་འདོད་དང་། རིག་གནས་གསར་གཏོད། མི་ཚེ་གང་པོར་སློབ་སྦྱོང་ཁོ་ན་བྱེད་འདོད་པའི་བསམ་བློ་སྐྱེ་བ་ཡིན། ཞིབ་འཇུག་ལྟར་ན་ཤེས་ཡོན་ནི་རང་བཀུར་དང་བདེ་སྐྱིད་ཀྱི་ཚོར་བ་ཇེ་མཐོར་གཏོང་བ་ལ་འབྲེེལ་བ་ཡོད་པར་གོ་རྟོགས་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བཤད་ཚུལ་ལྟར་ན། ཤེས་ཡོན་ཡོད་པའི་མི་རྣམས་ལ་རྟག་ཏུ་བདེ་ཐང་དང་། དཔལ་འབྱོར་གྱི་གོ་སྐབས་སྔར་ལས་མང་བ། འཚོ་བའི་སྤུས་ཚད་སྔར་ལས་མཐོ་བ་བཅས་ཡོང་གི་ཡོད་པར་གསལ་བསྟན་བྱས་ཡོད། ཤེས་ཡོན་ལ་བརྟེན་ནས་ཐོབ་པའི་ཡོན་ཏན་དང་བློ་སྤོབས་ལ་བརྟེན་ནས་མི་སྒེར་གྱིས་རང་ཉིད་ཀྱི་རེ་འདུན་དོན་གཉེར་བྱེད་ཐུབ་པར་མ་ཟད། སྡེ་ཁུལ་ལ་དོན་སྙིང་ལྡན་པའི་བྱས་རྗེས་འཇོག་ཐུབ།

དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས།

ཤེས་ཡོན་ནི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་གཏོང་བའི་རྒྱུད་སྐུལ་གྱི་རྫས་ཤིག་ཡིན། དེས་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་ལེགས་པ་དང་ཡོང་འབབ་སྔར་ལས་མཐོ་བ། འཚོ་བའི་གནས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་མོ་ཕྱེ་ཡོད། ཤེས་ཡོན་ཆེན་པོ་ལྡན་པའི་ལས་བྱེད་པ་དེ་དག་དཔལ་འབྱོར་འཕར་སྣོན་དང་རིག་གནས་གསར་གཏོད་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བའི་མི་སྣ་ཞིག་ཡིན། འདི་གང་ཞེ་ན། ཤེས་ཡོན་ཡོད་མཁན་མི་རྣམས་ཀྱིས་ཐོན་སྐྱེད་དང་གླ་ཕོགས་ཆེན་པོ་ཐོབ་པའི་ལས་རིགས་ནང་དུ་ཞུགས་ཤས་ཆེ། ཞིབ་འཇུག་སྔ་ཕྱི་བར་གསུམ་དུ་ཤེས་ཡོན་གནས་ཚད་དང་ཡོང་འབབ། སྟོབས་ཤུགས་བར་འབྲེལ་བ་ཡོད་པ་ཞིག་མཚོན་ཡོད། ཨ་རིའི་ངལ་རྩོལ་བཟོ་པའི་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། ཤེས་ཡོན་ཐོབ་ཚད་ཅུང་མཐོ་བའི་མིའི་རྒྱུན་ལྡན་གྱི་གླ་ཕོགས་ཅུང་མཐོ་བ་དང་ལས་ཀ་ཤོར་ཚད་ཅུང་དམའ་བ། ཤེས་ཡོན་གྱིས་མི་སྒེར་གྱི་ནོར་ཟས་ལོངས་སྤྱོད་དང་དངུལ་རྩ་བརྟན་ཆེ་རུ་གཏོང་ཐུབ་པར་མ་ཟད། ད་དུང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཧྲིལ་པོའི་བདེ་འཇགས་ལ་ཕན་རླབས་བྱུང་།

སྤྱི་ཚོགས་ཡར་ཐོན་དང་གསར་གཏོད།

ཤེས་ཡོན་གྱིས་སྤྱི་ཚོགས་ཡར་ཐོན་དང་རིག་གནས་གསར་གཏོད་བྱེད་པའི་ཁྲོད་དུ་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་འདོན་བཞིན་ཡོད། ཤེས་ཡོན་ཡོད་པའི་མི་རྣམས་ནི་རྣམ་དཔྱོད་ལྡན་པ་དང་། གནད་དོན་ཐག་གཅོད་ལ་མཁས་པ། ཞིབ་འཇུག་ལ་མཁས་པ་བཅས་ཡོང་། ཤེས་ཡོན་ལས་ཐོབ་པའི་རྣམ་དཔྱོད་ཀྱིས་རྙོག་འཛིང་ཆེ་བའི་དཀའ་ངལ་འདྲ་མིན་སྣ་ཚོགས་སེལ་བའི་ཐབས་རྙེད་པ་དང་དེང་གི་འཕོ་འགྱུར་དང་བསྟུན་ལག་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་། སྔར་གྱི་ལོ་རྒྱུས་གཞིར་བཟུང་ཤེས་ཡོན་གྱིས་སྤྱི་ཚོགས་ཡར་ཐོན་ཇི་ལྟར་བྱུང་བ་གསལ་པོར་མཚོན་ཡོད། དཔེར་ན། རིག་རྩལ་བསྐྱར་དར་གྱི་དུས་སྐབས་ན་ཡུ་རོབ་ལ་རིག་གནས་དང་རིག་སྟོབས་འཚར་ལོངས་འཕེལ་རྒྱས་གཏིང་ཟབ་བྱུང་བའི་དུས་སྐབས་དེར་ཤེས་ཡོན་གྱི་གོ་སྐབས་ཇེ་མང་དུ་འགྲོ་བ་དང་བསམ་བློ་བརྗེ་རེས་བྱས་པ་ལས་རིག་གནས་དང་རིག་སྟོབས་འཕེལ་རྒྱས་སྔར་ལས་ལྷག་ཏུ་འགྲོ། དེ་བཞིན་དེང་རབས་ཀྱི་ཚན་རིག་དང་ལག་རྩལ་གསར་བརྗེ་ནི་ཤེས་ཡོན་ལ་བརྩོན་པ་དང་གསར་གཏོད་ལ་དོན་གཉེར་བྱེད་པ་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བ་རེད།

ཕོ་མོ་འདྲ་མཉམ་དང་སྤྱི་ཚོགས་དང་བསྟུན་ཤེས།

ཤེས་ཡོན་གྱིས་ཕོ་མོ་འདྲ་མཉམ་དང་སྤྱི་ཚོགས་ཕན་ཚུན་བསྟུན་ཤེས་པར་སྐུལ་འདེད་གཏོང་། ཤེས་ཡོན་གྱིས་ལུགས་སྲོལ་བཟང་ངན་འབྱེད་པའི་རྣམ་དཔྱོད་དང་། སྒྲོ་སྐུར་དང་རྣམ་རྟོག་ངན་པ་དཔེར་ན་བུའི་རིགས་རྩ་ཆེན་དང་བུ་མོ་རྣམས་རིགས་དམན་པ་རྩི་འཇོག་གི་ལུགས་སྲོལ་ལ་ཁ་གཏད་དང་གཏོར་བཤིག་བྱེད་པའི་ཤེས་རབ་ཀྱང་སྟེར། མི་ཚང་མ་ལ་ཤེས་ཡོན་གྱི་གོ་སྐབས་འཐོབ་དགོས་པ་དང་། ཕོ་མོ་དང་། རིགས་རྒྱུད། སྤྱི་ཚོགས་ཀྱི་དཔལ་འབྱོར་རྒྱབ་ལྗོངས་གང་འདྲ་ཞིག་ཡིན་རུང་ཚང་མ་ཤེས་ཡོན་གྱིས་ལམ་ནས་རྟོགས་ཐུབ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕོ་མོ་ལ་ཤེས་ཡོན་ཐོབ་ཐང་འདྲ་མཉམ་སྤྲད་དགོས་པ་དེ་རྒྱུན་དུ་འཕེལ་རྒྱས་གཏང་དགོས་པ་དེ་དམིགས་འབེན་དུ་རྩི་བར་བྱེད། ཕོ་མོ་འདྲ་མཉམ་ཐོག་ཤེས་ཡོན་དང་ལེན་བྱ་རྒྱུ་ནི་དྲང་བདེན་གྱི་གནད་དོན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཡར་ཐོན་མངོན་འགྱུར་ཡོང་བའི་གོམ་སྟབས་གལ་ཆེན་ཞིག་ཡིན། ཞིབ་འཇུག་ལས་ཤེས་ཡོན་ཐོབ་མྱོང་བའི་བུད་མེད་རྣམས་གཉེན་སྒྲིག་ཕྱི་འགྱངས་སུ་འགྲོ་སྲིད་པ་དང་། ཕྲུ་གུ་བཙའ་བ་ཅུང་ཉུང་བ་མ་ཟད། སྡེ་ཁུལ་གྱི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་ཞབས་ཏོག་སྒྲུབ་ཀྱི་ཡོད་པར་མངོན།

འཛམ་གླིང་སྤྱི་དམངས་ཀྱི་འདུ་ཤེས་དང་རིག་གནས་གོ་ལེན།

ཤེས་ཡོན་གྱིས་འཛམ་གླིང་སྤྱི་དམངས་ཀྱི་འདུ་ཤེས་དང་རིག་གནས་སྣ་ཚོགས་གོ་རྟོགས་བསྐྱེད་པ་ལ་སྐུལ་འདེད་གཏོང་། ཉིན་རེ་བཞིན་ཕན་ཚུན་འབྲེལ་འདྲིས་ཆེ་རུ་ཆེ་རུ་འགྲོ་བཞིན་པའི་འཛམ་གླིང་གི་ཁྲོད་དུ་གུ་ཡངས་དང་། སེམས་ཁམས་གཅིག་མཐུན། རིག་གནས་བརྗེ་རེས་བཅས་ལ་སྐུལ་འདེད་གཏང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཤེས་ཡོན་ལ་བརྟེན་ནས་མི་སྒེར་སོ་སོ་ལ་འཛམ་གླིང་སྟེེང་གི་རིག་གནས་སྣ་མང་ལ་ཡིད་ཆེས་དང་གོ་ལ་འདིའི་སྟེང་གི་སྤྱི་ཚོགས་དང་མཉམ་གཤིབས་བྱེད་ཐུབ་པའི་ལག་ཆ་འདོན་སྤྲོད་བྱེད། ཤེས་ཡོན་ལ་བརྟེན་ནས་སྤྱི་ཚོགས་ནང་རྒྱུན་དུ་རིག་གནས་སྤེལ་རེས་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་གལ་ཆེ་དོན་སྐོར་གོ་རྟོགས་བསྐྱེད། སློབ་མའི་བསམ་བློ་བརྗེ་རེས་འཆར་གཞི་དང་རྒྱལ་སྤྱིའི་རོགས་ཟླའི་འབྲེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིག་གནས་དང་ལྟ་ཚུལ་མི་འདྲ་བ་སྔར་ལས་གཏིང་ཟབ་པའི་སྒོ་ནས་རྒྱུས་ལོན་བྱེད། ཤེས་ཡོན་གྱིས་ཞི་བདེ་དང་། གུས་བཀུར། མཉམ་ལས་ཀྱི་རིན་ཐང་ལྟ་བ་ལ་སྐུལ་འདེད་གཏོང་། ཤེས་ཡོན་ལས་རྙེད་པའི་རྣམ་དཔྱོད་ཀྱིས་ནི་གནམ་གཤིས་འགྱུར་ལྡོག་དང་། དབུལ་ཕོངས། འཁྲུགས་རྩོད་སོགས་གོ་ལ་ཧྲིལ་པོའི་དཀའ་ངལ་སོགས་གང་ཐུབ་སེལ་བའི་གཞི་བྱེད།

ཤེས་ཡོན་དཔྱད་རྩོམ་གྱི་བསྡོམས་ཚིག

ཤེས་ཡོན་ནི་སྤྱི་ཚོགས་འཕོ་འགྱུར་གཏོང་བྱེད་ཀྱི་ལག་ཆ་ནུས་ལྡན་ཞིག་ཡིན་པས་མི་སྒེར་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་མ་ཟད་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་ཀྱང་གཏོང་། དེས་མི་སྒེར་གྱི་མི་མངོན་པའི་ནུས་ཤུགས་འདོན་སྤེལ་གང་ལེགས་དང་། དཔལ་འབྱོར་གོང་འཕེལ་བཟོ་བར་སྐུལ་འདེད་དང་། གསར་གཏོད་བྱེད་པར་སྐུལ་འདེད། གཞན་ཡང་ཕོ་མོ་འདྲ་མཉམ་ཡོང་བར་སྐུལ་འདེད། གོ་ལ་འདིའི་སྟེང་གི་མི་རྣམས་མི་རིགས་གཅིག་ཡིན་པ་སྐུལ་འདེད་གཏོང་བ་བཅས་བྱེད་ཐུབ། ཤེས་ཡོན་ནི་རྒྱས་སྤྲོས་དངོས་རྫས་ཙམ་མིན་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ «འཛམ་གླིང་གི་མིའི་ཐོབ་ཐང་སྐོར་གྱི་བསྒྲགས་གཏམ་» ནང་ཁས་བླངས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་རེད། དེང་རབས་འཛམ་གླིང་གི་རྙོག་འཛིང་ཇེ་ཆེར་རྒྱས་ཀྱང་། ཤེས་ཡོན་ནི་སྔར་བཞིན་ཡར་ཐོན་དང་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་ཡིན། དེ་ནི་མ་འོངས་པའི་གཏན་རྩ་ཞིག་ཡིན་པ་དང་། དེས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་དང་། གོ་སྐབས་སྔར་ལས་ལྷག་པ། བཟོད་སྒོམ་དང་དྲང་བདེན་གྱི་སྤྱི་ཚོགས་བཅས་བསྐྲུན་ཐུབ། ཤེས་ཡོན་གྱིས་སྒེར་སོ་སོའི་རྒྱལ་མཚམས་དང་། རིག་གནས། རྒྱབ་ལྗོངས་ལ་མི་ལྟོས་པར་ཚང་མར་ཤེས་བྱར་བརྩོན་ལེན་དང་། ཤེས་རྟོགས་ཡར་བསྐྱེད། སྔར་ལས་ལྷག་པའི་ཕུག་འདུན་ཇེ་བཟང་དུ་བསྐྲུན་ཐུབ། ནལ་སོན་མན་ཌ་ལས། “ཤེས་ཡོན་ནི་འཛམ་གླིང་ལ་འགྱུར་ལྡོག་གཏོང་བའི་མཚོན་ཆ་ནུས་ལྡན་ཞིག་རེད་ཅེས་གསུངས་སོ”།།

བསྒྱུར་གཞི། www.schoolessay.com

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།