འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
སངས་རྒྱས་སངས་རྒྱས་སྲས་རྣམས་ལ། །བདག་ཅག་ཡང་དང་ཡང་དུ་ནི། །རྡུལ་སྙེད་བསྐལ་པར་རྡུལ་སྙེད་ལུས། །བཏུད་དེ་ཕྱག་འཚལ་རབ་ཕྱག་འཚལ། །ལྟ་བུ་ལ་བར་ཆོད་པ་དང་། མ་ཆོད་པ། དེ་ཡང་ཚིགས་བཅད་རྣམས་ཀྱི་ཐོག་མ་དང་བར་དང་ཐ་མའི་དབྱེ་བས་རྣམ་པ་དུ་མའི་དཔེ་བརྗོད་མཛད་དེ། ཐོག་མའི་ཟུང་ལྡན། ཐ་ཐོག་སྦྱར་བའི་ཟུང་ལྡན་ཞེས་སོགས་སོ། །ཚིགས་བཅད་ཀྱི་རྐང་པ་སླར་ཡང་བཟླས་ཀྱང་དོན་གཞན་སྟོན་པ་སོགས་ཟུང་ལྡན་ཆེན་པོ་དང། ཚིགས་བཅད། ཨརྡྷ་བྷྲ་མཾ། ཕྱེད་དུ་འཁོར་བ། སརྦ་བྷྲ་མ་ཎཾ། ཀུན་དུ་འཁོར་བའམ། སརྦ་བྷ་དྲཾ། ཀུན་ཏུ་བཟང་པོ། གོ་མུ་ཏྲ། བ་ལང་གཅིན། སྭ་ར་ནི་ཡ་མ། དབྱངས་ངེས་པ། སྠཱ་ན་ནི་ཡ་མ། གནས་ངེས་པ། བརྞཱ་ནཱི་ཡ་མ། ཡི་གེ་རྣམས་ངེས་པ། དེ་ལ་གཅིག་དང་གཉིས་སུ་ངེས་པ་སོགས་ཀྱི་རྣམ་དབྱེ་མང་ངོ་། །གབ་ཚིག་གི་མིང་ཀུན་དུ་ཚོགས་པ་སོགས་སོ།།
སྒྲ་དང་དོན་གྱི་སྐྱོན་སྤངས་ནས་སྒྲ་དོན་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་ལྡན་པའི་སྙན་ངག་གི་འཇིག་རྟེན་འདིར་བློ་ལྡན་དགའ་བ་བསྐྱེད་པའི་རྒྱུ་རྨད་དུ་བྱུང་བ་ཡིན་ནོ། །སྡེབ་སྦྱོར་ལ་ཉེར་མཁོའི་མིང་ནི། ཙྪནྡ་ས྄། ས་མ་ཙ་ཚནྡཿ སྡེབ་སྦྱོར། དེ་ཡང་ཡི་གེ་དྲུག་པའི་མིང་ལ། གཱ་ཡ་ཏྲཱི། དབྱངས་སྒྲོགས། བདུན་པ། ཨུསྣིཏ྄། ཏ་མ་ཨུསྣིཀ྄། རབ་དགའ། བརྒྱད་པའི་མིང་། ཨ་ནུཥྚུ་བྷ྄། དང་། ཡང་ན་བ་མཐའ་བྱས་པ་རྗེས་བསྔགས། དགུ་པ་བྲྀ་ཧ་སྟི། ཡངས་མ། བཅུ་པ། ཕྲེང་ལྡན། བཅུ་གཅིག་པ། ཏྲྀཥྚུ་པ྄། གསུམ་བསྔགས། བཅུ་གཉིས་པ། ཛ་ག་ཏཱི། སྐྱེ་འགྲོ། བཅུ་གསུམ། ཨ་ཏི་ཛ་ག་ཏཱི། ཤིན་ཏུ་སྐྱེ་འགྲོ། བཅུ་བཞི་པ། ཤརྐཿ ནུས་ལྡན། བཅོ་ལྔ་པ། ཨ་ཏི་ཤརྐཿ ཤིན་ཏུ་ནུས་ལྡན། བཅུ་དྲུག་པ། ཨཥྞི། ལེགས་སྤྱོད། བཅུ་བདུན་པ། ཨ་ཏི་ཡཥྞི། ཤིན་ཏུ་ལེགས་སྤྱོད། བཅོ་བརྒྱད་པ། དྷྲྀ་ཏ། བརྟན་འཛིན། བཅུ་དགུ་པ། ཨ་ཏིདྷྲྀ་ཏ། ཤིན་ཏུ་བརྟན་འཛིན། ཉི་ཤུ་པ། ཀྲྀ་ཏི། བྱེད་ལྡན། ཉེར་གཅིག་པ། པྲཀྲྀ་ཏི། རབ་བྱེད་ལྡན། ཉེར་གཉིས་པ། ཨཱ་ཀྲྀ་ཏི། ཀུན་བྱེད་ལྡན། ཉེར་གསུམ་པ། བི་ཀྲྀ་ཏིཿ རྣམ་བྱེད་ལྡན། ཉེར་བཞི་པ། སཾ་ཀྲྀ་ཏི། ལེགས་བྱེད་ལྡན། ཉེར་ལྔ་པ། ཨ་ཏི་ཀྲྀ་ཏི། ཤིན་ཏུ་བྱེད་ལྡན། ཉེར་དྲུག་པ། ཨ་དྷི་ཀྲྀ་ཏི། ལྷག་པར་བྱེད་ལྡན། ཉེར་བདུན་པ་ཕན་ཆད། དནྜ་ཀཾ །རྒྱུན་ཆགས་སོ། །དེ་དག་གི་ནང་གསེས་སྡེབ་སྦྱོར་གྱི་མིང་ལ་བྲྀཏྟ་དང་། ཛཱ་ཏི་གཉིས་ལས། དང་པོ་ལ། གཞུང་དུ་དངོས་བསྟན། མཉམ་པའི་བྲྀཏྟ་དང་། ཛཱ་ཏི་གཉིས་ལས། དང་པོ་ལ། གཞུང་དུ་དངོས་བསྟན། མཉམ་པའི་བྲྀཏྟ་ལ་བརྒྱད་དང་བཅུ། ཕྱེད་མཉམ་ལ་ཉེར་བཀྲ་སོགས་བཅུ་གསུམ། མི་མཉམ་པའི་བྲྀཏྟ་ལ་ཁ་སྒོ་སོགས་ཉེར་གཉིས་བཤད་པ་ནི། དཔེར་ན་ཡི་གེ་དྲུག་པ་ལྕི་ཡང་བསྒྲིག་ཚུལ་མི་འདྲ་བའི་རྣམ་གྲངས་དྲུག་ཅུ་རྩ་བཞི་ཡོད་པ་ལས། གལ་ཏེ་ཏ་ཡ་དག་བསྒྲིག་པ་ལ། མིང་། ཏ་ནུ་མདྷྱཱ། དབུས་ཕྲ་ཞེས་པ་དང་། ཡི་གེ་བདུན་པ་རབ་དགའི་རྫས་ག་འགྲིག་པའི་མིང་། ཀུ་མཱ་ར་ལ་ལི་ཏཱ། གཞོན་ནུ་རོལ་པ་ཞེས་པས་མཚོན་ནས་སྡེབ་སྦྱོར་ལྕི་ཡང་འགྲིག་ཚུལ་གྱི་དབང་ལས་སོ་སོའི་མིང་རྣམས། སྡེབ་སྦྱོར་རིན་འབྱུང་གི་གཞུང་གི་དཔེར་བརྗོད་ལས་གསལ་ཏེ། ཡོན་ཏན་བརྒྱད་ཀྱི་ནང་ཚན་མདོ་ཡིས་དཔེ་བརྗོད་ཀྱང་སྟབས་གཅིག་མཛད་པ་ཡིན་པས་དེ་ལས་ཤེས་པར་བྱ་སྟེ་འདིར་མང་བས་མ་བཀོད་ལ། ཛཱ་ཏིའི་བྱེ་བྲག་ཏུ་གྱུར་པའི་མིང་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཨ་བྷི་དྷཱ་རཾ། མངོན་བརྗོད། མངོན་བརྗོད་འདིར་སྤྱི་མིང་ལ། ཡཱ་དྲྀ་ཙྪི་ཀཿ འདོད་རྒྱལ། ཨ་ནུ་སདྡྷཿ རྗེས་གྲུབ། བྷཱ་བ་ནཱ་མཿ དངོས་མིང་། གཽ་ཎ་ནཱ་མ། བཏགས་མིང། བཏགས་མིང་ལ། ཀཱ་རེ་ཎེ་ཀཱརྻོ་པ་ཙཱ་རཿ རྒྱུ་ལ་འབྲས་བུ་བཏགས་པ། ཀཱརྻེ་ཀཱ་ར་ཎོ་པ་ཙཱ་རཿ འབྲས་བུ་ལ་རྒྱུ་བཏགས་པ་སོགས་ཀྱིས་མཚོན་ནས་འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་དང་། འབྲེལ་པ་རྒྱུ་མཚན་དུ་བྱས་པའི་མིང་ལ་སོགས་པའི་རྣམ་གྲངས་རྣམས་ཀྱང་གཞུང་ལས་བཏུས་ཏེ་ཤེས་པར་བྱ་ཞིང་། དོན་སོ་སོའི་མངོན་བརྗོད་རྣམས་ཀྱང་སྐད་གཉིས་ཤན་སྦྱར་གྱི་གཞུང་འདིར་བསྟན་བྱའི་གཙོ་བོ་ཡིན་པས་གཞུང་འདིར་མངོན་བརྗོད་ཀྱི་བསྟན་བཅོས་སུ་གཏོགས་པ་ཡིན་ནོ།།
མུ་འགོད་་་་་་
