༤༤༽ ཆོས་ཀྱི་རྣམ་གྲངས་ལས་ཉེ་བར་མཁོ་བའི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

སྐུ་ལྔ་ནི།
ངོ་བོ་ཉིད་སྐུ། ཆོས་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའོ།།
འབྱུང་བ་ལྔ་ནི།
ས། ཆུ། མེ། རླུང་། ནམ་མཁའོ།།
གནས་ཆེན་ལྔ་ནི།
རྡོ་རྗེ་གདན། རི་བོ་རྩེ་ལྔ། པོ་ཏ་ལ། ཨོ་ཌི་ཡ་ན། ཤམྦྷ་ལའོ།།
རིག་གནས་ཆེ་བ་ལྔ་ནི།
བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པའོ།།
རིག་གནས་ཆུང་བ་ལྔ་ནི།
སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་སོ།།
འཁོར་ལྔ་སྡེ་བཟང་པོ་ནི།
ཀུན་ཤེས་ཀོ་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ནོ།།
འགྲོ་བ་རིགས་ལྔ་ནི།
དམྱལ་བ། ཡི་དྭགས། དུད་འགྲོ། ལྷ། མིའོ།།
དུག་ལྔ་ནི།
འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་གོ།
ལྟུང་བ་སྡེ་ལྔ་ནི།
ཕམ་པ། ལྷག་མ། ལྟུང་བྱེད། སོར་བཤགས། ཉེས་བྱས་སོ།།
སྟོབས་ལྔ་ནི།
དད་པའི་སྟོབས། བརྩོན་འགྲུས་ཀྱི་སྟོབས། དྲན་པའི་སྟོབས། ཏིང་ངེ་འཛིན་གྱི་སྟོབས། ཤེས་རབ་ཀྱི་སྟོབས་སོ།།
ཕུང་པོ་ལྔ་ནི།
གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་ཤེས་ཀྱི་ཕུང་པོའོ།།
བྱམས་ཆོས་སྡེ་ལྔ་ནི།
མངོན་རྟོགས་རྒྱན། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མའོ།།
ལམ་ལྔ་ནི།
ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་མོ།།
མིའི་རིགས་ལྔ་ནི།
རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས། གདོལ་བའི་རིགས་སོ།།
མངལ་གྱི་གནས་སྐབས་ལྔ་ནི།
མེར་མེར་པོ། ནུར་ནུར་པོ། ནར་ནར་པོ། གོར་གོར་པོ། རྐང་ལག་འགྱུས་པའོ།།
དབང་པོ་ལྔ་ནི།
མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོའོ།།
ལུས་ཀྱི་གནས་ལྔ་ནི།
སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ། གསང་གནས་སོ།།
རྒྱལ་བ་མདོ་ལྔ་ནི།
བཟང་པོ་སྤྱོད་པ་སྨོན་ལམ་གྱི་མདོ། རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ། ཤེས་རབ་སྙིང་པོ་ལྟ་བའི་མདོ། འདའ་ཀ་ཡེ་ཤེས་སྒོམ་པའི་མདོ། བྱང་ཆུབ་ལྟུང་བཤགས་བཤགས་པའི་མདོའོ།།
དགེ་བསྙེན་གྱི་གཏན་ཁྲིམས་ལྔ་ནི།
གསོད། རྐུ། རྫུན། ལོག་གཡེམ། ཆང་བཅས་གཏན་དུ་སྤང་དགོས་པའོ།།
མཁས་པའི་གནས་ལྔ་ནི།
ཕུང་པོ། ཁམས། སྐྱེ་མཆེད། རྟེན་འབྲེལ། གནས་དང་གནས་མིན་ལ་མཁས་པའོ།།
མཁའ་འགྲོ་སྡེ་ལྔ་ནི།
རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། སངས་རྒྱས་མཁའ་འགྲོའོ།།
བསྟན་བཅོས་ཀྱི་རྩིས་འགོ་ཡན་ལག་ལྔ་ནི།
བསྟན་བཅོས་རྩོམ་པ་པོ་གང་གིས་མཛད། གཞུང་གང་ལས་བཏུས། ཕྱོགས་གང་དུ་གཏོགས། དགོས་ཆེད་གང་གི་ཕྱིར། དབུ་ནས་ཞབས་སུ་བསྡུ་བའི་དོན་ནོ།།
བསམ་གཏན་དང་པོའི་ཡན་ལག་ལྔ་ནི།
རྟོག་པ། དཔྱོད་པ། དགའ་བ། བདེ་བ། སེམས་རྩེ་གཅིག་པའོ།།

ཁུངས་གཏུག་སའི་ཡིག་ཆ།
ཆོས་ཀྱི་རྣམ་གྲངས་ཤེས་བྱའི་ནོར་གླིང་འཇུག་པའི་གྲུ་གཟིངས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།