རྩོམ་སྒྲིག་པ།
སྐལ་བ་དྲུག་ནི།
དབང་ཕྱུག་ཕུན་སུམ་ཚོགས་པ། གཟུགས་ཕུན་སུམ་ཚོགས་པ། དཔལ་ཕུན་སུམ་ཚོགས་པ། གྲགས་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པ། བརྩོན་འགྲུས་ཕུན་སུམ་ཚོགས་པའོ།།
འཁོར་ལོ་དྲུག་ནི།
གཙུག་ཏོར་ནམ་མཁའི་འཁོར་ལོ། དཔྲལ་བ་བདེ་བའི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ཁ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོའོ།།
བརྒྱུད་པ་དྲུག་ལྡན་ནི།
རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། མཁའ་འགྲོ་གཏད་རྒྱའི་བརྒྱུད། སྨོན་ལམ་དབང་བསྐུར་བརྒྱུད། ཤོག་སེར་ཚིག་བརྒྱུད་རྣམས་སོ།།
རྗེས་སུ་དྲན་པ་དྲུག་ནི།
སངས་རྒྱས་རྗེས་སུ་དྲན་པ། ཆོས་རྗེས་སུ་དྲན་པ། དགེ་འདུན་རྗེས་སུ་དྲན་པ། ཚུལ་ཁྲིམས་རྗེས་སུ་དྲན་པ། ལྷ་རྗེས་སུ་དྲན་པ། གཏོང་བ་རྗེས་སུ་དྲན་པའོ།།
ཁམས་དྲུག་ནི།
སའི་ཁམས། ཆུའི་ཁམས། མེའི་ཁམས། རླུང་གི་ཁམས། ནམ་མཁའི་ཁམས། རྣམ་པར་ཤེས་པའི་ཁམས་སོ།།
ཆོས་ཉན་པའི་སྐབས་ཀྱི་འདུ་ཤེས་དྲུག་ནི།
རང་ལ་ནད་པའི་ལྟ་བུའི་འདུ་ཤེས། ཆོས་ལ་སྨན་ལྟ་བུའི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པ་ལྟ་བུའི་འདུ་ཤེས། ནན་ཏན་ཉམས་སུ་བླངས་པ་ནད་འཚོ་བའི་འདུ་ཤེས། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས། དེ་བཞིན་གཤེགས་པར་སྐྱེས་བ་དམ་པའི་འདུ་ཤེས་སོ།།
རྣམ་ཤེས་དྲུག་ནི།
མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས་སོ།།
ཕར་ཕྱིན་དྲུག་ནི།
སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བོ།།
འཕགས་ཡུལ་གྱི་གྲོང་ཁྱེར་དྲུག་ནི།
མ་ག་དྷ། ཡངས་པ་ཅན། མཉན་ཡོད། འཁོར་བ་འཇིག གནས་བཅས། ཙམ་པ་ཀའོ།།
བྱ་རྒྱུད་ཀྱི་ལྷ་དྲུག་ནི།
སྟོང་པའི་ལྷ། ཡི་གེའི་ལྷ། སྒྲའི་ལྷ། གཟུགས་ཀྱི་ལྷ། ཕྱག་རྒྱའི་ལྷ། མཚན་མའི་ལྷའོ།།
བསྐལ་པ་བརྩི་ཚུལ་དྲུག་ནི།
བར་བསྐལ། འཇིག་བསྐལ། སྟོང་བསྐལ། ཆགས་བསྐལ། གནས་བསྐལ། བསྐལ་པ་ཆེན་པོའོ།།
ཚེ་རིང་རྣམ་དྲུག་ནི།
བྲག་ཚེ་རིང་། ཆུ་ཚེ་རིང་། ཤིང་ཚེ་ཪིང་། མི་ཚེ་རིང་། བྱ་ཚེ་རིང་། རི་དྭགས་ཚེ་རིང་ངོ་།།
འཛམ་གླིང་མཛེས་པའི་རྒྱན་དྲུག་ནི།
ཀླུ་སྒྲུབ། ཐོགས་མེད། འཕགས་པ་ལྷ། དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས་རྣམས་སོ།།
ཡེ་ཤེས་དྲུག་ནི།
ཆོས་དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོག བྱ་གྲུབ། རྣམ་པ་ཐམས་ཅད་མཁྱེན་པ་རྣམས་སོ།།
རྒྱལ་བ་རིགས་དྲུག་ནི།
རྣམ་སྣང་། མི་སྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྡོ་རྗེ་འཆང་ངོ་།།
ཉིན་མཚན་དུས་དྲུག་ནི།
སྔ་དྲོ། ཉིན་གུང་། ཕྱི་དྲོ། སྲོད། ནམ་གུང་། ཐོ་རེངས་སོ།།
