༤༥༽ སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

བཞི་པ་ཚད་མའི་སྐོར་གྱི་མིང་ལ་སྤྱིར། ཏརྐ་བི་དྱཱཿ སྟེ་རྟོག་གེའི་རིག་པ་ཡང་ཟེར་ཏེ་ཕལ་ཆེར་ཚུ་རོལ་མཐོང་བའི་གནས་ལ་སྒྲོ་འདོགས་གཅོད་པའི་ཕྱིར། དེ་སྐད་བརྗོད་ཀྱང་གཏན་ཚིགས་ཀྱི་རིག་པ་ཁྱད་པར་འཕགས་པ་མདོ་དང་སྡེ་བདུན་རྣམས་ཀྱིས་ཚུར་མཐོང་གི་ཡུལ་ལ་འཁྲུལ་བ་བསལ་ནས་ཡང་དག་པའི་དོན་ལ་འཇུག་པའི་སྒོ་ནས་ཡིན་པས་རྟོག་གེ་ཕལ་པ་དང་མི་འདྲ་བ་བྱང་ཆུབ་ལམ་གྱི་སྣང་བ་གསལ་བར་བྱེད་པ་ཡིན་ནོ། །པྲ་མཱ་ཎཾ། ཚད་མ་སྟེ་མི་བསླུ་བའོ། །ཧེ་ཏུ་བི་དྱཱཿ གཏན་ཚིགས་རིག་པ་ཡང་ཟེར་ཏེ་དོན་དགག་སྒྲུབ་དུ་བྱ་བ་རྣམས་གཏན་ཚིགས་ཀྱི་སྒོ་ནས་ལེགས་པར་གཞལ་བར་བྱེད་པའི་ཕྱིར་རོ། །དེ་ལ་ཏརྐཿ རྟོག་གེ །ཏཱརྐི་ཀཿ རྟོག་གེ་པ། པྲ་མཱ་ཎ་བཱ་དཿ ཚད་མ་སྨྲ་བ། ཚད་མས་དོན་ལ་དཔྱོད་མཁན་གྱི་མིང་། བཱ་རཱི་ཀྵ་ཀཿ ཡོངས་སུ་རྟོག་བྱེད། ཀཱ་ར་ཎི་ཀཿ རྒྱུ་མཚན་ཅན་ཞེས་སོ། །པྲ་ཏྱ་ཀྵམྲ། མངོན་སུམ། ཨ་ནུ་མཱ་ནམྲ། རྗེས་སུ་དཔག་པ། མངོན་སུམ་ལ། ཨིནྡྲི་ཡ་པྲ་ཏྱ་ཀྵཾ། དབང་པོའི་མངོན་སུམ། དེ་བཞིན། མ་ན་པྲ་ཏྱ་ཀྵཾམྲ། ཡིད་ཀྱི་མངོན་སུམ། སྭ་སམྦེད་ནམྤཏྱ་ཀྵ་མྲ། རང་རིག་མངོན་སུམ། ཡོ་ག་པྲ་ཏྱ་ཀྵཾ། རྣལ་འབྱོར་མངོན་སུམ་བཞི། མངོན་སུམ་ལ་སོགས་པའི་རྗེས་སུ། པྲ་མཱ་ཎཾ། སྦྱར་བས་མངོན་སུམ་ཚད་མ་ལ་སོགས་པར་ཤེས་པར་བྱའོ། །རྗེས་སུ་དཔག་པ་ལ། ནྱཱ་ཡཿ རིགས་པ། ཨཱ་ག་མཿ ལུང་གཉིས། དང་པོ་ལ། ཏྲི་རཱུ་པ་ལིངྒཿ ཚུལ་གསུམ་པའི་རྟགས། དེ་ལ། པཀྵ་དྷརྨྨ་ཏྭཾ། ཕྱོགས་ཀྱི་ཆོས། ཨ་ནྭ་ཡཿ རྗེས་སུ་འགྲོ་བ། བྱ་ཏི་རེ་ཀཿ ལྡོག་པ། དེ་གསུམ་ཚང་བ། སཾ་ལིངྒཿ རྟགས་ཡང་དག་ཅེས་བྱའོ། །མ་ཚང་བ་ལ། ལིངྒཱ་བྷཱ་སཿ རྟགས་ལྟར་སྣང་བ། ཧེ་ཏྭཱ་བྷཱ་ས། རྒྱུའམ་གཏན་ཚིགས་ལྟར་སྣང་བ། དྲྀཥྚཱནྟཱ་བྷཱ་ས། དཔེ་ལྟར་སྣང་བ། རྟགས་ཀྱི་དབྱེ་བ་ལ། རྟགས་ལྟར་སྣང་བ་ལ་ཕྱོགས་ཆོས། ཨ་སིདྡྷཿ མ་གྲུབ་པ། ཁྱབ་པ། བི་རུདྡྷཿ འགལ་བ། ཨ་ནཻ་ཀཱནྟི་ཀཿམ་ངེས་པའོ། །དེ་ཡི་ནང་གི་དབྱེ་བས་མང་པོར་འགྱུར་ཏེ། ཕྱོགས་ཆོས་ལ། ཨ་ནྱ་ཏ་རཱ་སིདྡྷཿ གཅིག་ལ་མ་གྲུབ་པ། སྭ་ཏོ྅་སིདྡྷཿ རང་ལ་མ་གྲུབ་པ། པར་ཏོ྅་སིདྡྷཌྷཿ ཕ་རོལ་ལ་མ་གྲུབ་པ། ཨུ་བྷ་ཡཱ་སིདྡྷཿ གཉིས་ཀ་ལ་མ་གྲུབ་པ། ཨུ་བྷ་ཨཱ་ཤྲ་ཡཱ་སིདྡྷཿ གཞི་མ་གྲུབ་པ་དང་ཁྱབ་པ་ལ་ཡང་། སྭ་ཡཾ་བཱདྱ་སིདྡྷཿ རྒོལ་བ་བདག་ཉིད་ལ་མ་གྲུབ་པ། པྲ་ཏི་བཱདྱ་སིདྡྷཿ ཕྱིར་རྒོལ་བ་ལ་མ་གྲུབ་པ་ལ་སོགས་པ་མང་ངོ་། །ཚུལ་གསུམ་པའི་རྟགས་བཀོད་པའི་དཔེ་ལ། དྲྀཥྚཱནྟཿ དཔེ། དེ་ལ། སཱ་དྷརྨྱ་བཏ། ཆོས་མཐུན་པ་ཅན། བཻདྷརྨྱ་བཏ། ཆོས་མི་མཐུན་པ་ཅན་ནོ། །རྟགས་དེ་ཉིད། ཨ་ནུ་མེ་ཡེ་སྭ་ཏམྲ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཞེས། དེ་ནི་ཕྱོགས་ཆོས་སུ་གྲུབ་པའོ། །སབཀྵེ་པ་ཏ་མྲ། མཐུན་པའི་ཕྱོགས་ལ་ཡོད་པ། དེ་ནི་རྗེས་འགྲོ་གྲུབ་པའོ། །ཨ་ས་བཀྵེ་ཙཱ་ས་ཏམྲ། མི་མཐུན་པའི་ཕྱོགས་ལ་མེད་པ། དེ་ནི་ལྡོག་ཁྱབ་གྲུབ་པའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།